| | e-texts navigator
|
197b1 བུའི་ཐབ་བྱས་ལ་སྟོད་གཡོགས་ཀྱིས་ཡན་ལག་ཐམས་ཅད་བཅིངས་ལ་རློད་སྟན་འཇམ་པོ་ལ་འདུག་ནས། ཡམ་ཤིང་ཐམས་ཅད་འབར་བའི་འཕྲེང་བ་འཛིངས་པའི་མེ་ལ་ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་རྡོ་རྗེ
197b2 ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ནས། ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་འཛིན་པས་གཟར་བུ་བཟུང་ནས་འཛུམ་ཞིང་དགའ་བར་བྱས་ཏེ། རྡོ་རྗེ་ཚིག་གིས་ཟློས་ཤིང་རོ་ཐམས་ཅད་བསྲེགས་ན། རྡོ་རྗེ་འཛིན་པ
197b3 དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལ་སོགས་པ་དམ་པ་འགྲུབ་པའི་སྦྱིན་སྲེག་གི་ཆོ་གའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོའི་རྒྱལ་པོ་ལས། དཀྱིལ
197b4 འཁོར་ཐམས་ཅད་ཀྱི་ཆོ་གའོ། ། དེ་ནས་ཡོ་བྱད་བཤད་པར་བྱའོ་ཞེས་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་གསུངས་པ། དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་མཐོང་ནས་སྒྲུབ་བོ།
197b5 དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་དུ་ནི་མ་ཞུགས་སམ།། དམ་ཚིག་སྤངས་པར་གྱུར་པ་ནི།། ཕྱག་ན་རྡོ་རྗེ་མི་འགྲུབ་པ།། གསང་བ་ཡང་དག་མི་ཤེས་པས།། བཅོམ་ལྡན་སེམས་དཔའ་འདོད་པའོ།།
197b6 ཆགས་དང་རྡོ་རྗེ་དེ་ཉིད་དེ།། དེ་ལ་ཆགས་པར་མ་གྱུར་ན།། ཕྱག་ན་རྡོ་རྗེ་མི་འགྲུབ་བོ།། དེ་བས་ཡང་དག་མ་མཐོང་བས།། དཀྱིལ་འཁོར་དུ་ནི་གྲུབ་མ་གསུངས།། ཡང་དག་མ་མཐོང་གྲུབ་པའི།། བམ
197b7 ཅན་གྱིས་མི་འགྲུབ་བོ། ། བར་དུ་འཇིགས་པ་རྙེད་ནས་སུ།། ནད་ཀྱིས་ཀྱང་ནི་འཇིགས་པར་བྱེད།། གདོན་ཡང་དེ་ལ་བརྩོན་པར་འགྱུར།། ཤི་ནས་དུ་འབོད་དུ་ལྟུང་ངོ་།། དེ་ལྟར་དཀྱིལ་འཁོར་ཐམས་ཅད་དུ
iiif viewer powered by OpenSeadragon
197a - 198a