| | e-texts navigator
|
197a1 ལ་མེ་བུས་ལ། མངར་པོའི་མེ་ཏོག་དང་འབྲས་བུ་རྣམས་སྦྲང་རྩི་དང་མར་ལ་སྦགས་ཏེ། བླ་གོས་གཡས་སུ་གཟར་ལ་ཀུ་ཤའི་བམ་པོ་ལ་འདུག་སྟེ། རྡོ་རྗེའི་ཚིག་ཏུ་བཟླས་ཤིང་།
197a2 ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་ལ་སོགས་པ་ཞི་བའི་ལས་རྣམས་ལ་ལག་པ་གཡོན་པས་བདག་གི་ཕྱག་རྒྱ་བཅིངས་ལ། གཡས་པས་བསྲེགས་ན་དེ་དག་འགྲུབ་པར་འགྱུར་རོ།། བཅོམ་ལྡན
197a3 འདས་ཀྱི་རྒྱབ་ཏུ་ཐབ་ཟུར་གསུམ་དུ་ཁ་བའི་ཚོར་མ་རྣོན་པོའི་ཡམ་ཤིང་དང་། འདབ་མ་དང་། མེ་ཏོག་དང་། ཡལ་ག་དང་། རྩེ་མོ་དང་། སྡོང་བུ་དང་། འབྲས་བུའང་དེ་དང་འདྲ་བར་རང་གི་ཁྲག་གིས་བསྐུས
197a4 ནས་སྟན་མཁྲང་པོ་ལ་འདུག་སྟེ། བླ་གོས་གཡོན་དུ་གཟར་ལ་ཁྲོས་པའི་ཚིག་གིས་བཟླས་ཤིང་གཡོན་པས་བསྲེགས་ན་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། རྒྱས་གདབ་པ་དང་། གཞོམ་པ་དང་།
197a5 བཙིར་བ་དང་། བསྐལ་བ་དང་། མྱོས་པར་བྱ་བ་དང་། གཏན་འཕོ་བ་ལ་སོགས་པ་ལས་དྲག་པོ་རྣམས་རབ་ཏུ་འགྲུབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད
197a6 དགུག་པ་དང་། དམ་ཚིག་གིས་བཅིང་བ་དང་། དབང་དུ་བྱ་བ་ལ་སོགས་པ་གྲུབ་པ་ཐམས་ཅད་ཀྱི་ལས་ནི་བཅོམ་ལྡན་འདས་ཀྱི་གཡས་སུ་རྩཝ་འཇམ་པོ་བཏིང་བ་ལ་འདུག་ནས། སྟོད་གཡོགས་སྦྱར་མ
197a7 ལྷར་བགོས་ཏེ། ཏིང་ངེ་འཛིན་གྱིས་བཟླས་ཤིང་འཁོར་ལོ་ཙཱ་བུའི་ཐབ་ཏུ་དྲ་བ་མེད་པའི་མདག་མ་ལ་ཏིལ་དང་འབྲས་ལ་སོགས་པ་ནས་འབྲས་གཡས་གཡོན་གྱིས་སྲེག་གོ།། བཅོམ་ལྡན་འདས་ཀྱི་གཡོན་དུ་རྡོ་རྗེཿ
iiif viewer powered by OpenSeadragon
196b - 197b