e-texts navigator
Collection
Volume
Page
Wylie

196b1 སོ། ། དེ་ཕྱིན་ནད་རྡོ་རྗེ་དེས་ལས་ཐམས་ཅད་བྱེད་དོ།། རྡོ་རྗེའི་དཀྱིལ་འཁོར་རོ།། དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ།། དཀྱིལ་འཁོར་ཆེན་པོ་ཀུན་བྲིས་ནས།། མཚན་མ་ཐམས་ཅད་བསྟན་པར་བྱ།
196b2 འཇུག་པ་རྡོ་རྗེ་དྲིལ་བུ་དང་།། རྡོ་རྗེ་འཛིན་མཆོག་ཕྱག་རྒྱས་སོ།། དེ་ལ་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི་འདི་ཡིན་ནོ།། རྡོ་རྗེ་འཛིན་མ་ཀུན་བྱས་ནས།། རྡོ་རྗེ་ཀུན་ཏུ་བརྟག་བྱ་བ།། གཡས་པར་བཞག་ནས་གཡོན་པ་ཡིས།།
196b3 དྲིལ་བུ་གསིལ་ནས་འཇུག་པར་བྱ།། བཙུད་ནས་སུ་ནི་དྲིལ་བུ་དེ།། མཉམ་པར་བཞག་པས་གསིལ་བར་བྱ།། སློབ་དཔོན་གྱུར་ཅིག་དམ་ཚིག་ཀྱང་།། རྟག་ཏུ་སྲུངས་ཤེས་བརྗོད་པར་བྱ།། ཇི་ལྟར་དྲིལ་བུའི་སྒྲ་འདི་ནི།།
196b4 དེ་ཡི་མི་རྟག་པ་རུ་གསུངས།། དེ་ལྟར་ཁྱོད་ལ་བྱིན་ན་ནི།། རྡོ་རྗེ་ཆེན་པོ་ཞེས་བྱ་འདིས།། ངེས་པར་སྲེག་པར་འགྱུར་བ་ནི།། དེ་སྟེ་རྡོ་རྗེ་འཛིན་དང་དང་།། སྐྱབས་གསུམ་བརྟུལ་ཞུགས་དེ་བཞིན་ཏེ།། ཇི་ལྟར
196b5 བྱང་ཆུབ་སེམས་འདོད་རྣམས། ། ཁྱོད་ཀྱིས་དེ་ཚེ་སྤངས་གྱུར་ནའོ།། དེ་ལ་འདི་ནི་དམ་ཚིག་གི་སྔགས་སོ།། ཨོཾ་སར་ས་མ་ཡ་ཧཱུཾ་ཕཊ། དེ་ནས་དེ་བཞིན་དུ་འདུག་ལ། དེ་ནས་རྡོ་རྗེའི་ཆུ་འདི་བླུང་དོ།།
196b6 དེ་ནས་གདོང་བཅིངས་པ་བཀྲོལ་ནས་ཆོ་ག་བཞིན་དུ་བྱའོ།། དམ་ཚིག་གི་དཀྱིལ་འཁོར་རོ།། དེ་ནས་ལས་ཀྱི་དཀྱིལ་འཁོར་འབྱུང་སྟེ། དེ་བཞིན་དཀྱིལ་འཁོར་བྲིས་ནས་སུ།། ཆ་ལུགས་མང་པོ་གཞག་པར
196b7 བཙུང་ནས་ལས་རྣམས་ཐམས་ཅད་ཀྱང་། ། སློབ་དཔོན་གྱིས་ནི་དེ་བཞིན་བསླབ།། དེ་ནས་ལས་ཀྱི་རབ་ཏུ་སྦྱར་བ་འདིའོ།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐབ་གྲུ་བཞིར་བྱས་ལ། མངར་པོའི་ཡམ་ཅིང




iiif viewer powered by OpenSeadragon

196a - 197a

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po