e-texts navigator
Collection
Volume
Page
Wylie

195b1 པར་བྱ། ། རྡོ་རྗེ་ཤུགས་ཀྱིས་འགོངས་ནས་སུ།། ཕྱི་རོལ་བྱུང་ནས་དེ་རུ་ཡང་།། གླིང་རྣམས་པའི་ཡང་བྲི་བར་བྱ།། དབྱིབས་དང་ཆོ་ག་ཇི་བཞིན་དུ།། གྲཝ་ཡི་རི་མོ་ལེགས་པར་དགོད།། གླིང་རྣམས་ཀྱི་དབུས་ཐམས
195b2 ཅད་དུ། ། འཇིག་རྟེན་ཇི་བཞིན་སོགས་པར་བྱ།། ཚངས་པ་ལ་སོགས་དེ་བཞིན་རྣམས།། དེ་རུ་འཇིག་རྟེན་དབང་པོ་དགོད།། ཁོ་ར་ཁོར་ཡུག་པའི་རི་དང་།། གླིང་རྣམས་ཀྱི་ཡང་བར་དག་ཏུ།། ཕྱི་ཡི་རྡོ་རྗེ་རིགས
195b3 རྣམས་ཀྱི། ། དཀྱིལ་འཁོར་ཡང་དག་བྲི་བར་བྱ།། སྒོ་སྲུངས་བྲི་བར་བྱ་བ་ཡང་།། རྡོ་རྗེ་སྒོ་བཞི་དེ་དག་ཏུ།། རྡོ་རྗེ་ཀྱོ་བཞགས་པ་དང་།། སྲོག་དང་དྲིལ་བུ་དེ་བཞིན་ནོ།། ཁོ་ར་ཁོར་ཡུག་རི་ཡི་ནི།། ཕྱི་རོལ
195b4 དམྱལ་བ་བརྒྱད་རྣམས་སོ། ། གནམ་ངལ་དང་ནི་ནད་དག་དང་།། མཁའ་འགྲོ་མ་དང་དོན་དྲག་རྣམས།། གཞག་གམ་ཡང་ན་བྲི་བར་བྱ།། ཆོས་མིན་ཅན་ནི་གཞིག་ཕྱིར་རོ།། དེ་ཡི་ཕྱི་རོལ་དུ་དགོད་པ།། གཏོར་མ་སྣ
195b5 ཚོགས་མཆོག་རྣམས་སོ། ། དེ་ནས་དཀྱིལ་འཁོར་ཆེན་པོའི་ཆོ་ག་འབྱུང་སྟེ། དེ་ལ་ཐོག་མ་ཉིད་དུ་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འཇུག་པ་ནི་གཙང་མས་གོས་གཙང་མ་བགོས་ལ།།
195b6 སེ་རལ་ཐག་གུ་དམར་པོ་ཐོགས་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། དེའི་སྟེང་དུ་དྲི་ཞིམ་པོའི་མེ་ཏོག་གཞག་ནས་སྙིང་པོ་འདི་བརྗོད་ལ་ཞུགས་ཤིག། ཨོཾ་བཛྲ་པྲ་ཏཱིཙྪ་མཾ་ཧ་ཧ་ཧ་ཧ་ཧི། དེ་ནས་པུས་མོ་གཡས་པའི
195b7 ལྷང་མ་ལ་བཙུགས་ནས་དུ་རུ་ཀའི་བདུག་པའམ་ཅི་བདོག་པས་གསོལ་ཏོ། ། རྡོ་རྗེ་འཛིན་མ་མཛུབ་མོ་གཉིས་ཀྱོ་བཅང་དུ་བྱས་ལ་སྙིང་པོ་འདི་བརྗོད་དོ།། ཨོཾ་ཨུརུ་ཀྲ་གྲ་བོ་རྀ་ཎི་བི་རི་ཙི་བཛྲ་མ་ཡ་བི་བྷིད་ཡེ་སྭཱཿ། ར




iiif viewer powered by OpenSeadragon

195a - 196a

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po