e-texts navigator
Collection
Volume
Page
Wylie

195a1 ཆེན་པོ་བཤད་པར་བྱའོ། ། དེ་ནས་ཡང་དག་རང་བཤད་པ།། དཀྱིལ་འཁོར་ཆེན་པོ་དམ་པརྩེ།། ཆོས་ཀྱི་དཀྱིལ་འཁོར་ཆུལ་འདྲ་བར།། དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བོ།།
195a2 དེ་ལ་སྲང་བུ་བྲེ་བའི་ཆོ་ག་ནི། འདི་ལྟ་སྟེ། གསར་ཞིང་ལེགས་པར་བྱས་པ་དང་།། ཚད་མ་བཟང་པོའི་སྲད་བུ་ཡིས།། ཤེས་རབ་ཅན་གྱིས་སྲང་བྲེ་བ།། འཇིག་རྟེན་གསུམ་རྒྱལ་དྲན་ཞིང་ངོ་།། དེ་ཡི་དབུས་སུ
195a3 གདབ་པ་ནི། ། སེང་ལྡེང་ཕུར་པ་བརྟན་པར་རོ།། དེ་ལ་སྲད་བུ་བྲེ་གསུངས་པ།། སྲད་བུ་ཉིས་བལྟབ་ཀྱིས་བྱ་སྟེ།། བཅུ་དྲུག་ཆ་རུ་བགོ་བར་བྱ།། ཐམས་ཅད་དུ་ནི་རི་མ་གསུམ་མཆོག། ཁོ་ར་ཁོར་ཡུག་རིགས
195a4 དག་ཀྱང་ཕུར་བུ་ཡིས་མི་དེ་བཞིན་ནོ། ། དེ་ཡི་ནང་དུ་བྱ་བ་ནི།། སྲད་བུ་རིམ་བདུན་ལྡན་པར་ཏེ།། ཚོན་སེར་དྲི་མིམ་ལྡན་པ་ཡིས།། ཐེག་རྣམས་ཀྱང་ནི་གདབ་པར་བྱ།། དེ་ཡི་དབུས་སུ་གཞག་པ་ནི།
195a5 ཤིན་ཏུ་བཀྲབས་པའི་ནས་ཕུལ་བཞིའོ།། དེ་ཡི་སྟེང་དུ་མགོན་པོ་སྟེ།། སངས་རྒྱས་གཟུགས་བརྙན་གཞག་པར་བྱ།། སངས་རྒྱས་ཐང་འཁོར་ཐམས་ཅད་དུ།། བྱང་ཆུབ་བརྒྱད་ནི་རིམ་བཞིན་པར།། བྲི་འམ་ཡང
195a6 དག་གཞག་པར་བྱ། ། མཚོན་སྣ་ལྔ་མཆོག་རྣམས་ཀྱིས་སོ།། སངས་རྒྱས་སྤྱན་སྔ་དེ་རུ་ནི།། ཕྱག་ན་རྡོ་རྗེ་དེ་བཞིན་ནོ།། བྲི་འམ་གཞག་པར་བྱ་བ་ནི།། རྡོ་རྗེ་ཧཱུཾ་ཞེས་པར་འདུལ་བའོ།། དེ་ཡི་ཞབས་ནི་གཡོན་པ
195a7 ཡིས། དབང་ཕྱུག་ཆེན་པོ་མནན་པར་བྱའོ།། གཡས་པའི་ཞབས་ཀྱིས་བཙིར་བ་ནི།། ཉོན་མོངས་མ་ཡིན་ལྷ་མོའོ།། འདོད་དྲུག་སྤྱོད་པའི་ལྷ་རྣམས་ཀྱང་།། སྲད་བུ་རིམ་བདུན་པར་དག་ཏུ།། བྲི་འམ་ཡང་ན་གཞག




iiif viewer powered by OpenSeadragon

194b - 195b

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po