e-texts navigator
Collection
Volume
Page
Wylie

194b1 གསོལ་ཏོ། ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་འདུལ་བ་ལགས་ན། བཅོམ་ལྡན་འདས་མ་རུངས་པའི་སེམས་ཅན་གྱི་དཀྱིལ་འཁོར་དེ་དག་ལ་ཇི་ལྟར་བགྱི་བ་བཀའ་སྩོལ་ཅིག། བཅོམ་ལྡན་འདས
194b2 ཀྱིས་གསུངས་པ། གང་གིས་སེམས་ཅན་དེ་རྣམས་སེམས་ཅན་ཐམས་ཅད་ལ་ཕན་པ་བྱས་ནས་ཐ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དམ་ཚིག
194b3 འདི་ཉིད་ལ་ཚུད་ཅིག། དེ་ནས་ཡང་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་མཁའ་འགྲོ་མ་ལ་སོགས་པ་འདི་དག་ལ་ནན་ཏན་ཇི་ལྟར་བགྱི། རིམས་ལ་སོགས་པ་ཇི་ལྟར་བགྱི། དམྱལ་བ་ལ
194b4 སོགས་པ་ངན་སོང་གི་འགྲོ་བ་རྣམས་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། དམ་ཚིག་དེ་ཉིད་ལ་ནན་ཏན་བྱེད་དུ་ཚུད་ཅིག། དེ་ནས་ཕྱག་ན་རྡོ་རྗེས་ཡང་གསོལ་པ། བཅོམ་ལྡན་འདས་མི་འདི
194b5 རྣམས་ཇི་ལྟར་ནན་ཏན་བགྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོར་བཙུད་ནས་རྡོ་རྗེའི་དཀྱིལ་འཁོར་དུ་ཚུད་ཅིག། རྡོ་རྗེའི་དཀྱིལ་འཁོར
194b6 དུ་བཙུད་ནས་དམ་ཚིག་གི་དཀྱིལ་འཁོར་དུ་ཚུད་ཅིག། དམ་ཚིག་གི་དཀྱིལ་འཁོར་དུ་བཙུད་ནས་ལས་ཀྱི་དཀྱིལ་འཁོར་དུ་ཚུད་ཅིག། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ། བཅོམ་ལྡན་འདས
194b7 ཀྱིས་གསུང་བ་ལ་ཡི་རངས་ཏེ་ཚིགས་སུ་བཅད་པ་འདི་སྨྲས་སོ། ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སངས་རྒྱས་ཀུན་གྱིས་བྱིན་བརླབས་ཏེ།། གྲུབ་པ་ཐམས་ཅད་བྱེད་པའི་མཆོག། དཀྱིལ་འཁོར




iiif viewer powered by OpenSeadragon

194a - 195a

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po