| | e-texts navigator
|
194a1 དེ་ནས་ནམ་མཁའ་ལ་རྒྱུ་བའི་མ་རྣམས་དབང་བསྐུར་བ་བྱིན་པ་ནི། འདི་ལྟ་སྟེ། གསོད་མ་ནི་རྡོ་རྗེ་གསོད་མའོ།། ཟ་བ་མོ་ནི་རྡོ་རྗེ་ཟ་བ་མོའོ།། གོས་ནི་རྡོ་རྗེ་བགོ་བ་མོའོ།། དགའ་མོ་ནི་རྡོ་རྗེ།
194a2 དབང་མོ་སྟེ།། དེ་དག་ལ་སོགས་པ་ནི་རྡོ་རྗེ་ཚོགས་མ་མོར་དབང་བསྐུར་རོ།། དེ་ནས་ས་ལ་རྒྱུ་བའི་མ་རྣམས་དབང་བསྐུར་བ་བྱིན་པ་ནི། འདི་ལྟ་སྟེ། ཞི་མ་ནི་རྡོ་རྗེ་ཕོ་ཉ་མོའོ།། རླུང་མ་ནི་རྡོ་རྗེ་མགྱོགས་མའོ།།
194a3 མེ་ནི་རྡོ་རྗེ་འབར་མོའོ།། ཀུ་བེ་ར་མ་ནི་རྡོ་རྗེ་ཐག་གུ་མ་སྟེ། དེ་དག་ལ་སོགས་པ་ནི་རྡོ་རྗེ་ཕོ་ཉ་མོར་དབང་བསྐུར་རོ།། དེ་ནས་ས་འོག་ན་གནས་པའི་མ་རྣམས་དབང་བསྐུར་བ་བྱིན་པ་ནི། འདི་ལྟ་སྟེ། ཕག་མོ་ནི
194a4 རྡོ་རྗེ་གདོང་ངོ་། ། མགོ་ལྤགས་མ་ནི་རྡོ་རྗེ་ནག་མོའོ།། སྣ་ཆད་མ་ནི་རྡོ་རྗེ་མྱགས་མའོ།། ཀླུ་མོ་ནི་རྡོ་རྗེ་ཆུ་སྲིན་མ་སྟེ།། དེ་དག་ལ་སོགས་པ་ནི་བྲན་མོར་དབང་བསྐུར་རོ།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔ
194a5 ཆེན་པོས་བཙུད་པ་དེ་དག་ཐམས་ཅད་ཀྱིས་སདྨ་རྒྱས་ཀྱི་ཡེ་ཤེས་བསྐྱེད་ནས་རྡོ་རྗེའི་དམ་ཚིག་བྱིན་པའོ། ། ཨོཾ་བ་ལི་ཏོང་པ་ལི་ཏོད་བཛྲ་ཨཱ་ཀཪྵ་ཡ་ཧཱུཾ་ཛ། ལྷ་རྣམས་དགུག་པའོ།། ཨོཾ་བཛྲ་ཨ་གྲྀ་བི་ཊ་ཡ་ས་མ་ཡ
194a6 ཧཱུཾ། བར་སྣང་ལ་རྒྱུ་བ་རྣམས་ཀྱིའོ།། ཨོཾ་བཛྲ་མཱ་ལཱ་གྲ་ལཾ། འཕྲེང་བ་འཆང་བ་རྣམས་ཀྱིའོ།། ཨོཾ་བཛྲ་བན་དྷ་ཎཾ། ས་ལ་རྒྱུ་བ་རྣམས་ཀྱིའོ།། ཨོཾ་བཛྲ་པཱ་ཏཱ་ལ་བྷཉྫ་བྷཉྫ་ཧཱུཾ་ཕཊ། ས་འོག་ན་གནས་པ
194a7 ། རྣམས་ཀྱིའོ།། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་སརྦྦ་དུཥྚཱཾ་ས་མ་ཡ་མུ་པྲ་བྷཉྫ་ཙཀྲ་ཧཱུཾ་ཕཊ། མ་རྣམས་ཐམས་ཅད་ཀྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ནས་འདི་སྐད་ཅེས
iiif viewer powered by OpenSeadragon
193b - 194b