e-texts navigator
Collection
Volume
Page
Wylie

192b1 མ་བླགས་ཏེ་ང་རོ་བཏོན་ནས་སྐྱབས་སུ་དོང་སྟེ། བཅོམ་ལྡན་འདས་ལ་སྐྱབ་ཏུ་གསོལ། དེ་བདག་ཅག་ཁྱོད་ཀྱི་བཀའ་ཉན་ན་ཇི་ལྟར་བགྱི་བ་སྩལ་དུ་གསོལ་ཞེས་སོ།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ
192b2 སེམས་དཔའ་ཆེན་པོས་དེ་རྣམས་ལ་གསུངས་པ། གྲོགས་པོ་དག་བྱང་ཆུབ་ཀྱི་སེམས་དང་། སྡོམ་པ་གཟུང་བར་ཁས་ལོང་ཞིག། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས
192b3 བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འཚལ་ལོ། ། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དེ་རྣམས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་བཙུད
192b4 ནས་སྡོམ་པ་གཟུང་དུ་བཅུག་སྟེ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ། སེམས་ཅན་ཐམས་ཅད་བདེ་བ་སྩོལ།། ཕྱག་ན་རྡོ་རྗེ་བདག་ཆེ་དང་།། འདོད་པ་སྨད་པར་མི་བྱའོ།། འདི་ནི་གསང་བ་ཡིན་ནོ།། དེ་ནས
192b5 བཅོམ་ལྡན་འདས་ཀྱིས་དེ་དག་སྡོམ་པ་འཛིན་དུ་བཅུག་ནས་དམ་ཚིག་བྱིན་པ་ནི། ཨོཾ་བཛྲ་ས་མ་ཡ་ཨ་བྷི་ཥིཙྪ་བི་རཱ་ག་ཡ་སརྦྦ་ཀཱ་མན་ཧཱུཾ་ཕཊ། དེ་ནས་དེ་དག་གིས་སྨྲས་པ། འདི་ནི་བདུད་ཀྱིས་སྨྲས་པས་ན་བདག
192b6 ཅག་མི་ཉན་ཏོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་དག་ལ་ཁྱེད་ཅག་གིས་འདི་ལམ་བརྙས་ཤིག་ཅེས་གསུངས་པ་དང་།། དེ་དག་གིས་གསོལ་པ། ཇི་ལྟར་འདོད་ཆགས་དང་བྲལ་བ་ནི་སངས
192b7 རྒྱས་ཀྱི་བྱང་ཆུབ་བོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀྱེ་གྲོགས་པོ་དག་ནི་ཇི་ལྟར་འདུལ་བཞིན་བྱེད་པ་སྟེ། དེ་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་འདི་ས།




iiif viewer powered by OpenSeadragon

192a - 193a

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po