e-texts navigator
Collection
Volume
Page
Wylie

192a1 ཨོཾ་སུམྦྷ་ནི་སུརྞྞ་རྨཱ། གྲྀནྟ་གྲྀཙྪཙྪ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཙྪ། ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་རཱུ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པ་ལྷའི་བདག་པོ་ཐམས་ཅད་འཁོར
192a2 དང་བཅས་པར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གང་ན་བ་དེར་མགོ་རྐང་བཟློག་སྟེ། རི་རབ་རིའི་རྩེ་མོའི་དཀྱིལ་འཁོར་ཆེན་པོར་བཙུད་ནས་བརླམས་པར་བྱས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་གཡོན་པས
192a3 མནན་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་འདི་འདྲ་བར་སེམས་ཅན་འདུལ་བར
192a4 བྱེད་པ་ལེགས་སོ་ལེགས་སོ། ། དེ་བས་ན་ཐུལ་ལ་དབུགས་ཕྱུང་ཞིག། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་དག་གི་དོན་གྱི་ཕྱིར་རྡོ་རྗེས་བཅིངས་པ་འདི་གསུངས་སོ།།
192a5 ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦྦ་ན་སྭཱ་ཧཱ། དེ་ནས་ཕྱག་ན་རྡོ་རྗེས་འདི་གསུངས་པ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པ་ལྷ་དེ་དག་དྲན་པ་རྙེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དེ་དག་ལ་འདི་སྐད་གསུངས་སོ།། གྲོགས
192a6 པོ་དག་སེམས་ཅན་ཆེན་པོ་འདིའི་བཀའ་བཞིན་བྱེད་པར་ཁས་ལོང་ཞིག། དེ་ནས་བཅོམ་ལྡན་འདས་ལ། དེ་དག་ཐམས་ཅད་མགྲིན་གཅིག་ཏུ་བདག་ཅག་མཆིད་ཀྱིས་འཚལ་ལོ་ཞེས་གསོལ་ཏོ།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ
192a7 སེམས་དཔའ་སེམས་དཔའ་ཆེན་པོས་ཡང་རང་གྱི་སྙིང་པོ་འདི་གསུངས་སོ། ། ཧཱུ~ཾ་ཊཀྐི་ཧོ། དེ་ནས་འདི་བརྗོད་པ་ཙམ་གྱིས་ལྷ་ལ་སོགས་པ་ཐམས་ཅད་དབང་དུ་བྱས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་མཆི




iiif viewer powered by OpenSeadragon

191b - 192b

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po