e-texts navigator
Collection
Volume
Page
Wylie

191a1 ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོ་ལྡན་འདས་གནོད་སྦྱིན་མ་རུངས་པ་འདིའི་བཀའ་བཞིན་བྱེད་པ་བདག་ཅག་མ་ལགས་སོ།། དེ་ནས་ལྷ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ
191a2 ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་གནོད་སྦྱིན་ང་ནི་ཐམས་ཅད་ཀྱི་དབང་པོ་ཆེན་པོ། བྱེད་པ་པོ། འཇོམས་པ་པོ། སྐྱེ་དགུའི་བདག་པོ་ཚངས་པའོ།།
191a3 གཏོགས་འདོད་དོ།། དབང་ཕྱུག་ཆེན་པོའོ།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྲོས་ནས་འདི་སྐད་གསུངས་སོ།། ཁྱོད་ནི་ལུས་སྲུལ་པོ། མི་ཤ་ཟ་བ། མ་རུངས་པ། དྲག་ཤུལ་གྱི་ལས
191a4 བྱེད་པས་ན་གཏུམ་པོ་སྟེ། ཤ་བའི་ལུས་བསྲེལ་བ་ན་ཇི་ལྟར་ཚངས་པ་དང་།། གཏོགས་འདོད་དང་། དབང་ཕྱུག་ཆེན་པོ་ཡིན། ཚངས་པ་ཞེས་བྱ་བ་ནི་མི་འགྱུར་བའོ།། གཏོགས་འདོད་ཅེས་བྱ་བ་ནི་ཐར
191a5 པའོ། ། དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་དབང་པོ་སྟེ།། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་ཡིན་པས་འདུལ་ནུས་སོ།། དེ་ནས་དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་ཁྲོས་ནས་བཅོམ་ལྡན་འདས་ཀྱི
191a6 ཞབས་གཉིས་ལ་ཕྱག་འཚལ་ཏེ། འཇིག་སུ་རུང་བ་ཆེན་པོའི་གཟུགས་ཁྲོས་པ་ཆེན་པོའི་གད་མོས་བགད་ནས། འཇིགས་པ་ཆེན་པོར་བྱེད་པ། འབར་བ་ཆེན་པོ་གཏོང་བ། འཇིག་རྟེན་གྱི་ཁམས་ཐམས
191a7 ཅད་མཐའ་མེད་པར་གཟུགས་སྣ་ཚོགས་སུ་བྱས། འབར་བ་ཆེན་པོའི་གྲུབ་པ། མི་མཚུངས་པ། རྡོ་རྗེ་དང་། མདུང་རྩེ་གསུམ་པ་དང་། འཁོར་ལོ་དང་། ཤ་ཀ་ཏི་དང་། བེ་ཅོན་དང་། མི་མཚུངས་པའི




iiif viewer powered by OpenSeadragon

190b - 191b

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po