e-texts navigator
Collection
Volume
Page
Wylie

190b1 པ་འདི་སུ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གླེངས་ཏེ་གསུངས་སོ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས
190b2 ཀུན་ཏུ་བཟང་པོ་ཀུན་གྱི་བདག། སངས་རྒྱས་ཐམས་ཅད་ཉིད་བསྐྱེད་འདི།། ཕྱག་ན་རྡོ་རྗེ་གནོད་སྦྱིན་ཆེ།། མ་རུངས་འཆོལ་ལ་དབང་བ་སྟེ།། གང་མིང་བརྗོད་པ་དེ་ཡིས་ནི།། སངས་རྒྱས་ས་ཡང་ཐོབ་པར
190b3 འགྱུར། ། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས་ཡང་གསུངས་པ། ཀྱེ་ཀྱེ་ལྷ་དག་སངས་རྒྱས་ལ་སྐྱབས་སུ་དེང་ལ་ངའི་བཀའ་བཞིན་དུའང་གྱིས་ཤིག། རྡོ་རྗེ་འབར་བ་གཅིག་ཏུ་འབར་བར་གྱུར
190b4 པ་འདིས་ཁྱེད་ཐམས་ཅད་གཏན་བསྲེགས་པར་གྱུར་ཏ་རེ། དེ་ནས་ལྷ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ནི་གནོད་སྦྱིན། ངེད་ནི་ལྟ་བས་ན་ངེད་ཀྱིས་གནོད་སྦྱིན་གྱི་བཀའ་རྗེས
190b5 སུ་སྐྱོང་བར་མི་ནུས་སོ། ། དེ་ནས་ཕྱག་ན་རྡོ་རྗེས་འདི་ཐོས་ནས་ཁྲོས་ཏེ། བཅོམ་ལྡན་འདས་ལ་འདི་སྐ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་རྣམས་ཀྱིས་བདག་མ་རུངས་པ་ཐམས་ཅད
190b6 འདུལ་བར་དབང་བསྐུར་ཏེ་བསྐོས་སོ། ། དེ་བས་ན་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་ན་ལྷ་ཆེན་པོ་འདི་འདུལ་བར་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷ་ཆེན་པོ་ལ
190b7 འདི་སྐད་ཅེས་གསུངས་སོ། ། སེམས་ཅན་ཆེན་པོ་ཁས་ལོང་ཞིག། འདིས་ཁྱོད་གསད་ད་རེ། དེ་ནས་བཅོམ་ལྡན་འདས་ལ། ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་ཐམས་ཅད་ཀྱི་དབང་པོ་རྣམས




iiif viewer powered by OpenSeadragon

190a - 191a

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po