e-texts navigator
Collection
Volume
Page
Wylie

190a1 དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྙིང་པོ་འདི་གསུངས་སོ། ། ཨོཾ་སྭམྦྷ་ནི་པྲནྣ་ནྟུ། ཨུ0f7fཛྫཊྚ་ག
190a2 རྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུ~ཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ།། འགུལ། རབ་ཏུ
190a3 འགྲེལ། ཀུན་ཏུ་རབ་ཏུ་འགུལ་ལོ།། འཕར། རབ་ཏུ་འཕར། ཀུན་ཏུ་རབ་ཏུ་འཕར་རོ།། དེ་ནས་ལྷ་ཐམས་ཅད་ལ་སོགས་པ་སེམས་ཅན་ཐམས་ཅད་འདར་ཡད་ཡེད་ནས་བཅོམ་ལྡན་འདས་ག་ལ་དེར་ལྷག
190a4 ཁོ་ར་ཁོར་ཡུག་དང་ཁོ་ར་ཁོར་ཡུག་ཆེན་པོའི་རི་ལ་སོགས་པ་ཚུན་ཆུད་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱིས་གང་ངོ་། ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གླིང
190a5 བཞི་པའི་འཇིག་རྟེན་གྱི་ཁམས་སུ་ཚོགས་པའི་དཀྱིལ་འཁོར་ཆེན་པོ་ལ་གཟིགས་ནས་འདི་སྐད་གསུངས་སོ། ། གྲོགས་པོ་རྣམས་སངས་རྒྱས་ལ་སོགས་པ་ལ་སྐྱབས་སུ་འགྲོ་བར་ཁས་ལོང་ཞིག། ངའི་བཀའ་ཡང
190a6 རྗེས་སུ་སྐྱོངས་ཤིག། དེ་ནས་འདུས་པའི་འཁོར་ཆེན་པོ་ཐམས་ཅད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྐྲག་སྟེ་འདར་ཡང་ཡད་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐྱབསུ་དོང་ངོ་།། དེ་ནས་བཅོམ་ལྡན་འདས
190a7 ལ། ལྷ་ཆེན་པོའི་ལྷ་དང་། མཐུ་བོ་ཆེ་དང་། ཚངས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་བུའི་སེམས་ཅན་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་བྱིན་ཆེ་ཞིང་བདག་ཅག་འཆོས




iiif viewer powered by OpenSeadragon

189b - 190b

Texts on this page

S441 - 'jig rten gsum las rnam par rgyal ba rtog pa'i rgyal po chen po