| | e-texts navigator
|
189b1 ན། ། བཅོམ་ལྡན་འདས་དེའི་སླད་དུ་བདག་ལ་བཀའ་སྩལ་དུ་གསོལ།། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚིག་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ཆེན་པོ་དེ་བཞིན
189b2 གཤེགས་པས་གསན་ནས། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ།། གནོད་སྦྱིན་ཁྱོད་ཤིན་ཏུ་ཁེངས་པ། ཤིན་ཏུ་ཁྲོ་བ། ཤིན་ཏུ་འཐུར་བ། དེ་ཇི་ལྟར་ཁྱོད་ཀྱིས་སེམས་ཅན་རྣམས
189b3 ཀྱི་དོན་གྱི་ཕྱིར་འདི་ལྟ་བུའི་སྔགས་ཀྱི་ཚིག་སྨྲ། དེ་ནས་བཅོམ་ལྡན་འདས་ལ། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། དེའི་ཕྱིར་ན་བཅོམ་ལྡན་འདས་བདག
189b4 སེམས་ཅན་མ་ལུས་པ་འདུལ་བར་བགྱིད་དེ། ། གང་གི་ཕྱིར་ན་བདག་གིས་འདོད་པའི་བདེ་བ་ཅན་རྣམས་དབང་དུ་བགྱི་བ་ལ་སོགས་པས་བཏུལ་ནས་བླ་ན་མེད་པའི་བདེ་བ་ལ་འགོད་པར་འཚལ་ལོ།། སེམས
189b5 ཅན་མ་རུངས་པ་རྣམས་གསད་པ་ལ་སོགས་པས་སྦྱངས་ཏེ། ཞི་བ་ལ་དགོད་པར་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཕྱག་ན
189b6 རྡོ་རྗེ་ལེགས་སོ་ལེགས་སོ། ། འཇིག་རྟེན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པའི་ཕྱིར་དང་། བདེ་བའི་ཕྱིར་སྙིང་པོ་འདི་སྨྲོས་ཤིག། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔས་ལྷ་ཐམས་ཅད་ནས།
189b7 མི་རྣམས་ཐམས་ཅད་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་དེ་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་སངས་རྒྱས་ལ་སྐྱབས་སུ་དེངས་ཤིག། ངའི་བཀའ་ཡང་རྗེས་སུ་སྐྱོངས་ཤིག
iiif viewer powered by OpenSeadragon
189a - 190a