| | e-texts navigator
|
189a1 རྣལ་འབྱོར་མཆོག། མཁས་པས་དེ་ལ་བཤད་པར་བྱ།། ཐམས་ཅད་གསུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པཛྲ
189a2 ཀཱར་བརྨ་དང་། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ཏྲེ་ལོ་ཀྱ་བི་ཛཱ་ཡ
189a3 མཧཱ་ཀལྤ་རཱ་ཛ། བོད་སྐད་དུ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པའི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
189a4 བཅོམ་ལྡན་འདས་རི་རབ་རིའི་རྩེ་མོ་ན་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་རྩེ་མོའི་ཁང་པ་བརྩེགས་པ་ན།། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དུ་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།
189a5 འམ་ཅི་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་དང་། མ་མོ་རྣམས་དང་། བལྟར་རུང་བ་དང་། བལྟར་མི་རུང་བ་དུམ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་རྣམས་དང་ཐབས་ཅིག་ཏུ་བཞུགས
189a6 དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་དཀྱིལ་ནས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ
189a7 ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། ། ཡང་བཅོམ་ལྡན་འདས་བདག་གིས་ལྷ་ཆེན་པོ་ལ་སོགས་པ་སེམས་ཅན་མ་རུངས་པ་དེ་དག་ལ་དམ་ཚིག་འཛིན་དུ་སྩལ་བར་འཚལ
iiif viewer powered by OpenSeadragon
188b - 189b