| | e-texts navigator
|
129b1 ཟློཐོས་ཤིང་། ། ལམ་དུ་ཞུགས་པའི་སྐྱེས་བུ་ལ།། སྟག་སོགས་ཆུ་ཡིས་མི་འཇིགས་སོ།། དེ་ནས་ཡང་དག་བཤད་པར་བྱ།། དབང་གིས་བློ་སྦྱངས་རབ་ལྡན་པས།། འབྲས་ཐོབ་དེ་མེད་མི་འགྲུབ་སྟེ།། དེ་བས་དོན
129b2 བཤད་པར་བྱ། ། བྲམ་པོའི་དབང་གིས་ཐོག་མར་སྦྱང་།། གསང་བའི་དབང་གིས་གཉིས་པར་ཏེ།། གསུམ་པར་བྱ་བ་དེ་ཉིད་ནི།། ཤེས་རབ་ཡེ་ཤེས་དེ་ཡིན་ཏེ།། དེ་ལྟར་དེ་བཞིན་བཞི་པ་ཡིན།། བརྟན་པ་ཡོ་ངས
129b3 པོ་མ་ལུས་པ། ། བསྒོམ་པར་བྱ་བའི་དུས་ཉིད་ལ།། བློས་ནི་ཡོངས་སུ་མི་སྒོམ་སྟེ།། ཀུན་གྱི་མཚན་ཉིད་མ་ཤེས་ན།། སྒོམ་པ་ཁོ་ན་དེ་མིན་ཏེ།། ཐམས་ཅད་དངོས་ཉིད་ཡོངས་ཤེས་ན།། དེ་ནི་སྒོམ་པར་ཡོངས
129b4 སུ་བསྒྲགས། ། དེ་ཉིད་བླ་མིའི་ཁ་ཡིས་ཏེ།། འབད་པས་མ་ཉེས་བྱ་དེ་མི་སྨད།། དེ་ལ་ཐམས་ཅད་འབྱུང་བ་སྟེ།། བླ་མ་ལ་སྨོད་གཡོ་སྒྱུ་ཅན།། ངེས་པར་དེ་ནི་དུག་དང་ཡང་།། གདོན་ཆེན་དག་ནི་མ་ལུས
129b5 ས། ། འཆི་ཞིང་རླབས་པར་དེ་གྱུར་ནས།། དམྱལ་བ་དག་ཏུ་ཡུན་རིང་ལྟུང་།། བསྐལ་པ་དུ་མར་སྡུག་བསྔལ་ཏེ།། རྟག་ཏུ་ཆོ་ངེས་འདེབས་པར་བྱེད།། དེ་བས་བློ་གྲོས་ཆེན་པོ་ལ།། ནམ་དུའང་མི་སྨད་གཞན
129b6 དུན། ། བཀུར་སྟི་ཕུ་དུད་འགྲོ་བ་ལ།། ཕན་པའི་སེམས་ཀྱིས་དེ་ལྟར་བྱ།། གཞན་ཡང་བསྒོམ་པར་བྱ་བ་ཉིད།། གང་དག་དབང་པོའི་ལམ་འགྲོ་བ།། དེ་ཡི་ངོ་བོར་བདག་གིས་བྱ།། བསམ་གཏན་མ་བྱེད་དེ་བློ་ཡི
129b7 ཀུན་ཏུ་བློ་ཡིས་བསྒོམ་པར་བྱ། ། བཅོམ་ལྡན་བདག་པོ་ཆེན་པོ་ཡིས།། གསང་དབང་ལག་ན་རྡོ་རྗེ་ལ།། བོས་ནས་གསང་བའི་དབྱངས་འདི་གསུངས།། གཟུགས་སྒྲ་ལ་སོགས་དྲུག་པོ་རྣམས།། དངོས་མེད་མལ
iiif viewer powered by OpenSeadragon
129a - 130a