e-texts navigator
Collection
Volume
Page
Wylie

129a1 གཤེགས་བདག་གིར་བྱེད། ། རིན་ཆེན་ཏོག་ཅན་མཛེས་པའི་སྐུ།། དོན་དམ་ཐུགས་ཆུད་འཁོར་བ་སེལ།། མ་ལུས་ཀུན་གྱི་བདག་ལ་འདུད།། འདུས་བྱས་མ་ལུས་སྲེག་བྱེད་པ།།
129a2 རྣམ་རྟོག་ཞི་བའི་རང་བཞིན་ལས།། ཁམས་གསུམ་མ་ལུས་སྒྲོལ་བར་བྱེད།། འོད་དཔག་མེད་ཀྱིས་རབ་མཛེས་པ།། མ་ཆགས་ཕྱག་ན་བསྣམས་པ་ཡི།། འཕྲིན་ལས་དག་བྱེད་ཅན་ལ་འདུད།། ཐུགས
129a3 རྗེས་གཡོ་བའི་རང་བཞིན་ཅན། ། འཇིག་རྟེན་གསུམ་དག་སྒྲོལ་བར་བྱེད།། གཉིས་མེད་བདེ་ཆེན་ངང་ཉིད་ལས།། འཕྲིན་ལས་གྲུབ་པའི་རང་བཞིན་ཅན།། བཏང་སྙོམས་ཞུགས་པར་འགྲོ་བ་འདུལ།།
129a4 ཀུན་ཏུ་ལས་ཀྱིས་རྒྱལ་ལ་འདུད།། ཅེས་གཟུགས་རྡོ་རྗེ་ལ་སོགས་པ་ལ་སོ་སོར་ཡོངས་སུ་བསྟོད་དོ།། དེ་ནས་ཡང་ཐམས་ཅད་ཀྱི་བདག་པོས་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལྷ་མོ་རྣམས་ཀྱི་སྐུ་ལ
129a5 བཙུད་དེ། གདུག་པ་འཇིགས་པའི་ཡེ་གེ་ནི།། བཅུ་བཞི་པ་ལ་དམིགས་པ་ཡང་།། འཁོར་བར་དམིགས་པར་བྱ་བའམ།། ཉི་མའི་སྟེང་ན་སྐྱེས་པ་ལྟར།། དམིགས་ཏེ་མ་ཡེངས་བརྗེད་པ་མེད།།
129a6 བཟླས་པ་ཉིད་ནི་དེ་ལྟར་བྱ།། བྱེ་བ་ཚང་བར་བཟླས་པ་ཡིས།། རབ་འབྱམས་ལས་ལ་མི་འགྲུབ་པ།། མེད་དེ་དེ་ཡིས་ཐམས་ཅད་འགྲུབ།། འབུམ་དང་ས་ཡ་བཟླས་པས་ཀྱང་།། ཕྲ་མོའི་ལས
129a7 རྣམས་འགྲུབ་པར་བྱེད། ། གཞན་དུ་མི་འགྲོ་སེམས་ཀྱིས་ནི།། དེ་ལྟའི་ཚུལ་དུ་བཟླས་པ་བྱ།། ཡུལ་གཞན་བློ་ནི་འགྲོ་བ་ཡིས།། བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན།། མི་འཕྲོ་སེམས་ཀྱིས་འདི




iiif viewer powered by OpenSeadragon

128b - 129b

Texts on this page

S432 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po