| | e-texts navigator
|
127b1 རོ། ། དུར་ཁྲོད་ཀྱི་ནི་རས་དག་ལ།། གུར་ཀུམ་སོགས་ཀྱིས་འཁོར་ལོ་བྲི།། ཡི་གེ་ཐིག་ལེས་རྣམ་བསྐོར་ཏེ།། ཨ་མུ་ཀི་དང་མཱ་མ་ཀཱི།། མོ་ཧ་ན་དང་རྣམ་སྤེལ་ལ།། བསྒྲུབ་བྱའི་གོས་ཀྱི་མཐའ་མ་ལ།། ལེགས་བཏབས
127b2 ཆོས་ཀྱི་དབྱིངས་ཉིད་དུ། ། བསྒོམས་ནས་ཟློས་ཤིང་འགྲོ་ན་ཡང་།། ལྷ་དང་ལྷ་མིན་གྱིས་མི་མཐོང་།། བདག་ཉིད་གཤིན་དགྲ་ཉྀད་བསྒོམས་ནས།། ཆུ་ཡི་སྟེང་ནས་འགྲོ་འདོད་ན།། རྡུལ་ཕྲན་ལྷ་ཡི་རྣམ་པར་ཏེ།།
127b3 ཨོཾ་རྱན་དུ་ནི་བདག་རང་ཉིད།། ངེས་པར་སྟེང་འགྲོ་གཞན་དག་ཀྱང་།། བུ་མོས་ནགས་ཀྱི་རས་བལ་ལ།། སྐུད་པ་བཀལ་བ་གཞོན་ནུ་མས།། སུམ་སྒྲིལ་དུ་ཡང་དེ་ཡིས་བྱ།། གདུག་སྔགས་སྟོང་དུ་ཚང་བར་ཏེ།།
127b4 བཟླས་ཚུལ་སྔོན་དུ་གསུངས་པ་བཞིན།། སྐར་མ་རྒྱལ་གྱི་དུས་ལ་བཟླ།། བྲི་བའི་ཉིན་མོའང་དེ་ལའོ།། དཀྱིལ་འཁོར་གྱི་ནི་ལྷར་བརྟག་པ།། གཡོན་གྱིས་མདུན་བྱས་གཞན་ལ་གདགས།། མ་ལུས་མཚོན་དག་རེངས
127b5 བྱེད་དེ། ། གཅེར་བུ་ལ་ཡང་རེངས་པར་བྱེད།། མེ་ཏོག་ལས་ནི་གཞན་དུ་མིན།། ཤ་ལྔ་སོགས་ཀྱི་རིལ་བུ་ནི།། ལེགས་པར་གྲིབ་མ་དགལ་བསྐམས།། ལྕགས་གསུམ་དག་གས་དཀྲི་བར་བྱ།། བཟླས་ཤིང་མཆོད
127b6 པ་བྱེད་པའི་ཚེ། ། དངུལ་དག་གི་ནི་རེངས་བཞིན་བྱ།། འབར་བར་གྱུར་པ་ཉིད་ན་ཡང་།། མཆོད་པ་ལེགས་པར་རྣམ་བྱས་ཏེ།། བསྐོར་བ་བརྒྱ་ཕྲག་དུ་མ་བྱ།། དེ་ནས་བློ་ལྡན་སྒྲུབ་པ་པོས།། ཁར་བཅུག་ཙམ
127b7 གྱིས་འདོད་པ་སྒྲུབ། ། ཕྱུང་ན་སྔོན་ལྟར་རྣལ་མ་ཉིད།། གསོ་བ་འདྲ་བ་ས་འོ་མས་ཀྱང་།། ངེས་པར་འཁྲུལ་འཁོར་བཀྲུ་བར་བྱ།། རིག་སྔགས་འཁྲུལ་འཁོར་ལས་གྲོལ་ཏེ།། རྣལ་མ་ཉིད་ལ་གནས་པ་ཡིན།།
iiif viewer powered by OpenSeadragon
127a - 128a