| | e-texts navigator
|
127a1 ཀྱིས་ཐེབས་པར་བྱ་བ་ལ། ། དུར་ཁྲོད་ཀོ་བ་ཆེ་བ་ལ།། ཨརྒ་ཤིང་གི་ལོ་མ་དང་།། ཙི་ཏྲ་ཀ་དང་སྐེ་ཚེ་དང་།། ཁྲག་གིས་འཁོར་ལོ་བྲི་བར་བྱ།། བིས་བརྐོས་ལ་རི་མོ་དག། སེད།
127a2 ལྡེང་མདག་མེ་དུ་མེད་ལ།། བསྲོ་ཞིང་ཁྲོས་པས་ལྔ་བརྒྱ་བཟླ།། ཁྱིམ་དང་ལམ་གྱི་བཞི་མདོ་དང་།། དུར་ཁྲོད་སྦས་ན་རིམས་ཀྱིས་འཛིན།། རྒྱས་པའི་ལས་ཀྱིས་རྒྱས་འདོད་ན།། གིའུ་ཝང་གིས་ནི་གྲོ་ག་ལ།
127a3 འཁོར་ལོ་གཉིས་ནི་རྣམ་བྲིས་ཏེ།། བསྐུལ་ཚིགས་ལྡན་པར་ཡི་གེ་བྲི།། ཟླ་དྲུག་ཐད་ཀྱི་མདུན་དག་ཏུ།། གནོད་སྦྱིན་དང་ནི་གནོད་སྦྱིན་མོས།། རིན་ཆེན་ཆར་ནི་འབེབས་པ་དང་།། གཤིན་དགྲ་སེར་པོ་ཟླ་སེར་ལ།།
127a4 གནས་པར་བསམས་ཏེ་ཁྲི་བཟླས་ན།། འཕགས་པ་ནོར་འཛིན་འདྲ་བར་འགྱུར།། ཨོཾ་ཆེ་གེ་མོ་པུཥྚིཾ་ཀུ་རུ་ཨོཾ། གྲོ་ག་སོགས་ཀྱི་ཤོག་ཤོག་ལ།། གིའུ་ཝང་དང་ནི་རང་བྱུང་གི། མེ་ཏོག་དག་གིས་བྲི་བ་སྟེ།། ཡང
127a5 ན་ཐ་དག་ཁྲག་དང་ནི། ། བིལ་བའི་ལོ་མའི་ཁུ་བ་དང་།། རས་དམར་པོ་ཡི་ཁུ་བ་དང་།། རྩི་རྣམས་བསྲེས་ལ་བྲི་བར་བྱ།། སྤྲ་ཚིལ་གྱིས་ནི་འཁོར་ལོ་ཀྲིལ།། བུམ་པ་མར་སྦྲང་ལྡན་པར་གཞག། དུས་བཞི་དག་ཏུ
127a6 མཆོད་པ་ནི། ། མེ་ཏོག་དམར་པོས་མཆོད་པའོ།། དེ་ཚེ་བཟླས་པ་ཚུལ་དག་ནི།། ཧོ་བ་ཤཾ་ཀུ་རུ་ཧོ།། དེ་མ་ཐག་ཏུ་ལྷ་རྣམས་ཀྱང་།། དབང་དུ་བྱེད་པར་དེས་འགྱུར་རོ།། གྲོ་ག་དག་ལ་བྲི་བ་ནི།། ཟླ་བ་གཟས་ཟིན་དུས
127a7 དག་གམ། ། རྒྱལ་གྱི་ཉིན་པར་ཟི་བྱ་སྟེ།། སྐུད་པ་དམར་པོས་འཁོར་ལོ་དཀྲི།། མེ་ཏོག་དམར་པོས་མཆོད་པ་བྱ།། ཐོད་པ་ཁ་སྦྱར་ནང་གཞག་སྟེ།། བཟླས་པ་ཁྲིས་ནི་བརྒྱ་བྱིན་གྱི།། བུ་མོ་རང་རྙེད་པར་ངེས་འགྱུར
iiif viewer powered by OpenSeadragon
126b - 127b