| | e-texts navigator
|
125b1 སྔར་བཤད་པ་ཡི་ཤིང་ཤུན་དང་།། དུར་ཁྲོད་རས་ལ་སྒྲུབ་པོ་ཡིས།། ཡུང་བའི་ཁུ་བས་འཁོར་ལོ་བྲི།། སོ་མ་བཏང་བའི་ཁམ་པོར་དུ།། སྒྲུབ་པའི་རྐང་རྗེས་ས་དག་དང་།། སྣང་མཛད་ཆུ་ངོགས་ས་དག
125b2 དང་། ། རི་དང་ལམ་ས་བཏགས་ནས་ནི།། ལྡོང་རོས་དང་ནི་ཡུང་བ་ཡི།། ཁུ་བས་སྦྲུས་ཏེ་གཟུགས་བྱས་ལ།། འཁོར་ལོ་གཉིས་དྲིལ་ཡུང་བ་དང་།། ལྡོང་རོས་ཀྱི་ནི་ཁུ་བས་བསྐུ།། སྙིང་ཁར་བཅུག
125b3 སྟེ་གཞུག་པར་བྱ། ། སེང་ལྡེང་ཕུར་པ་སོར་བརྒྱད་པས།། ལུས་ལ་སོགས་པ་གདབ་པར་བྱ།། དགྲ་རྣམས་འོང་བའི་ལམ་དུ་ཡང་།། ཁུང་བུར་བརྐོས་ཏེ་གཞུག་པར་བྱ།། ལཾ་ལས་དབང་ཆེན་གྱིས
125b4 མནན་ཅིང་། ། སུཾ་ལས་སྐྱེས་པ་དེ་སྟེངས་ན།། སྣ་ཚོགས་ལས་ཀྱིས་མནན་པ་ཡི།། ཁམ་པོར་སྐུད་སེར་དཀྲི་བར་བྱ།། རྒྱལ་ཆེན་དག་ནི་སེར་པོ་ཡང་།། དབང་ཆེན་ལ་གནས་ལྷོར་བལྟས་ཏེ།། བསྒྲུབ
125b5 བྱ་སེར་པོའི་རིས་མནན་པར། ། བསམས་ནས་བཟླས་པ་བརྩམ་པར་བྱ།། སྭཱ་ཧཱ་མེད་པར་སྟམྦྷ་ཡ།། ལཾ་གྱི་མཐའ་ཅན་ལྔ་སྟོང་བཟླས།། གཏོར་མ་རྒྱུན་དུ་སྦྱིན་པར་བྱ།། རེངས་པ་ཆེན་པོའི་ལས་འདི
125b6 ཡིས། ། དམག་གི་དཔུང་ཡང་ངེས་པར་རེངས།། དགའ་ཙམ་ལ་ནི་སྨོས་ཅི་དགོས།། སྲན་ནེ་ལན་གསུམ་བསྔགས་པ་ཡིས།། དུར་ཁྲོད་རས་ལ་འཁོར་ལོ་བྲི།། རིམས་དང་དུག་གིས་ཟིན་པ་སྟེ།། དེ་ཡི
125b7 སྟེང་དུ་གཞག་པར་བྱ། ། བདག་ཉིད་དཀར་པོར་རྣམ་བསམས་ཏེ།། ཆོ་གས་བྱབ་ཅིང་གདོན་པར་བྱ།། དེ་ནི་དེ་ནས་ཞི་བར་འགྱུར།། ངག་དག་རེངས་པར་འདོད་ན་ཡང་།། སྨྱོ་བྱེད་ཁུ་བ་དུར་ཁྲོད་སོལ།།
iiif viewer powered by OpenSeadragon
125a - 126a