| | e-texts navigator
|
123a1 བྱ་བའི། ། རྨི་ལམ་མཚན་མ་འདི་ཡིན་ཏེ།། ཚལ་ཆེན་ཟུག་པའི་གླིང་དག་དང་།། ལྷ་ཁང་མཆོད་རྟེན་གཞལ་ཡས་སུ།། དམ་པ་རྣམས་དང་ངེས་ཕྲད་དེ།
123a2 དབང་བསྒྱུར་རི་ལ་འཛེག་པ་དང་།། རྒྱ་མཚོར་བཅས་པའི་ཆུ་རྒལ་ལམ།། ཀྲ་ཀྲོ་བྲན་དུ་འཁོར་རྨིན།། ངེས་པར་འགྲུབ་སྟེ་འཁོར་ལོ་བྲི།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འབྱུང་བའི
123a3 དཀྱིལ་འཁོར་སྒོམ་པ་གསུངས་ཏེ། ཡཾ་ལས་བྱུང་བའི་རླུང་དཀྱིལ་འཁོར།། སྔོན་པོ་གཞུ་ཡི་དབྱིབས་ཅན་ལ།། བ་དན་ལྡན་པར་ངེས་པར་བསམ།། རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར
123a4 གྲུ་གསུམ་དམར་པོ་བསམ་པར་བྱ། ། བཾ་ལས་བྱུང་བ་ཆུ་ཡིན་ཏེ།། དཀར་པོ་ཟླུམ་པོ་བསམ་པར་བྱ།། ལ་བྱུང་ས་ཡི་དཀྱིལ་འཁོར་ནི།། ལྗང་སེར་གྲུ་བཞི་བསམ་བྱས་ཏེ།། སྔོན་དུ་བསམ
123a5 བྱ་ལྟར་རིམ་བཞིན། ། ཏ་ར་ཕྱིན་ནས་ངེས་པར་བསམ།། བྲུཾ་ལས་བྱུང་བའི་འཁོར་ལོའི་རྩིབས།། དྲུག་ཉིད་ལྡན་པའི་ལྟེ་བ་ལ།། བྲུཾ་ལས་གཞལ་ཡས་ཁང་པ་སྟེ།། གདན་དང་ལྡན་པར
123a6 སྒྲུབ་པོས་བསམ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་ཀྱིས་བདེ་བར་གཤེགས་པ་འཁོར་དང་བཅས་པ་བསྡུ་བར་བྱའོ།། ཨོཾ་བཛྲ་ས་མཱ་ཛཿལག་དར
123a7 གཉིས་ནི་ངེས་བསྣོལ་ལ། ། མཛུབ་གཉིས་ལྕགས་ཀྱུའི་ཚུལ་བྱས་ཏེ།། ས་གོལ་བརྡབ་ཅིང་བརྡུང་བར་བྱ། ལྕགས་ཀྱུ་ལ་སོགས་རྣམ་པ་བཞིས།། ངེས་པར་དགུག་པ་ལ་སོགས་བྱ།།
iiif viewer powered by OpenSeadragon
122b - 123b