| | e-texts navigator
|
121b1 བྱིན་ཟར་གནས། ། བདེན་བྲལ་མིན་པོའི་མཐའ་མ་གདབ།། བལྟ་བ་བདེན་བྲལ་ཕྱོགས་སུའོ།། སློབ་དཔོན་ལྡང་མིན་གྲོགས་པོ་ནི།། རི་དགས་ཞོན་པའི་ཕྱོགས་འདུག་སྟེ།། མཚམས་ཐིག་དང་པོ་གདབ་པར་བྱ།།
121b2 གཉིས་པའང་བདེན་བྲལ་ཕྱོགས་འདུག་སྟེ།། བགེགས་ཕྱོགས་བརྐྱང་ལ་གདབ་པར་བྱ།། དབུས་དང་མཐའ་མར་ཕྱེ་བ་ཡི།། གཞལ་ཡས་ཁང་པའི་མཚན་ཉིད་ནི།། གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་།།
121b3 རྟ་བབས་བཞི་ནི་བརྒྱན་པ་ཡི།། དབུས་ཀྱི་རྩིབས་བརྒྱད་ལྟེ་བ་ལ།། རྡོ་རྗེ་ཐོ་བ་བྲི་བར་བྱ།། ཉི་མའི་དཀྱིལ་འཁོར་དབུས་ཉིད་དུ།། གྲི་གུག་ཀྱང་ནི་བྲི་བར་བྱ།། ཤར་རྩིབས་འཁོར་ལོ་ཆེན་པོ་སྟེ།
121b4 རིན་ཆེན་ལྷོ་ཡི་ཕྱོགས་རྩིབས་ལ།། པདྨ་དམར་པོ་ནུབ་ཏུ་ཟ།། བྱང་དུ་རྡོ་རྗེ་ཀུན་ཏུ་རྩེ།། ཤར་ལྷོ་ཕྱོགས་སུའང་དེ་དང་འདྲ།། གྲཝ་བཞིར་རྒྱལ་པོའང་ཉིས་བརྩེག་ཏུ།། མཚན་མ་རྣམས་ནི་ལེགས་པ་བྲི
121b5 སྒོ་བཞི་དག་ཏུ་བྲི་བ་ཡང་། ། ལྕགས་ཀྱུ་ཞགས་པ་སྒྲོག་དྲིལ་བུ།། གཞན་ཡང་རྒྱན་ཀུན་ལེགས་པར་བྲི།། མཆོད་པ་ལེགས་པར་དགྲམ་པར་བྱ།། ཁུ་ཚུར་དཀུ་གཉིས་གཞག་པ་དང་།། དེ་བཞིན་དཔྲལ
121b6 བར་ཉུག་པ་དང་། ། ཁ་ནས་འབྱིན་དང་གར་བསྐྱོད་དང་།། བདུག་སྤོས་ཉུག་དང་མེ་ཏོག་འཐོར།། མཐེ་བོང་བསྒྲེང་སྟེ་རང་ལུས་ལའམ།། གཞན་ལ་ཉུག་ཚུལ་གནས་པ་ནི།། བརྒྱད་པོ་མཆོད་པའི་ལྷ
121b7 མོ་དག། བསྐྱེད་དང་ལེགས་གནས་ཕྱག་རྒྱ་ཡིན།། སྐུ་གསུང་ཐུགས་ཀྱི་ལྷ་རྣམས་དང་།། རང་ལུས་བཅུག་སྟེ་གནས་པ་ལ།། སྔགས་ཀྱིས་བྱིན་གྱིས་བརླབས་པ་ནི།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ
iiif viewer powered by OpenSeadragon
121a - 122a