| | e-texts navigator
|
121a1 གཤེགས་པ་ཐམས་ཅད་ཀྱི་བདག་པོས་བདེ་བ་ཆེན་པོ་སྐྱེད་པར་བྱེད་པའི་སྔགས་འདི་གསུངས་སོ། ། ལཱ་སྱེ། དེ་ནས་ཡང་ཡོན་ཏན་བརྒྱུད་པ་བླ་མའི་སྔགས་འདི་གསུངས་སོ།།
121a2 མཱ་ལེ། དེ་ནས་བཅོམ་ལྡན་འདས་ཀྱིས་དབྱངས་ཅན་མ་སྐྱེད་པར་བྱེད་པའི་སྔགས་འདི་གསུངས་སོ།། གཱི་ཏི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གར་མའི་སྔགས་འདི་གསུངས་སོ།། ནརྀ་ཏི་དེ་ནས་བཅོམ
121a3 ལྡན་འདས་ཀྱིས་མཆོད་པའི་སྔགས་རྣམས་གསུངས་པ་ནི། ཨོཾ་བཛྲ་དྷཱུ་པ། ཨོཾ་བཛྲ་པུཥྤ། ཨོཾ་བཛྲ་དཱི་པ། ཨོཾ་བཛྲ་གནྡྷེ། དེ་ནས་ཡང་བཅོམ་ལྡན་འདས་ཐམས་ཅད་འགུགས་པར་བྱེད་པའི་སྔགས་དང་།
121a4 དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བཅིངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དགས་པར་བྱེད་པའི་སྔགས་རྣམས་བཅོམ་ལྡན་འདས་དེ
121a5 བཞིན་གཤེགས་པ་ཐམས་ཀྱི་བདག་པོས་གསུངས་པ་ནི། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ། བློ་ལྡན་མཁས་པས་ཅི་ནུས་ཀྱིས།། ཐིག་གིས་ཐིག
121a6 ནི་གདབ་པ་ལ། ། ཚད་ལྡན་འཇུར་མདུད་མེད་པ་དང་། གཤེར་ཞིང་གསར་པ་མཛེས་པ་ཡིས།། ཤར་དུ་བལྟས་ཏེ་གདབ་པར་བྱ།། ཚངས་ཐིག་གཉིས་པ་གདབ་པ་ཡང་།། ལྷོ་རུ་བལྟས་ཏེ་གདབ་པར
121a7 བྱ། ། དེ་འོག་མཐའ་ཡི་ཐིག་གདབ་པ།། བྱིན་པར་གནས་ཏེ་དབང་ལྡན་བལྟ།། རླུང་གནས་བདེན་བྲལ་ཁ་བལྟས་ཏེ།། ནུབ་ཏུ་ལེགས་པར་བྲི་བར་བྱ།། དེ་ནས་ཤར་དུ་ཁ་བལྟས་ཏེ།། བྱང་དུ་བྲིས་ཏེ
iiif viewer powered by OpenSeadragon
120b - 121b