e-texts navigator
Collection
Volume
Page
Wylie

120b1 པི་ཝང་སྒྲོག་པའི་གསུང་དབྱངས་ཅན།། གར་གྱིས་རྒྱས་པར་འགྲོ་བ་ཡི།། དོན་ལ་རྟག་ཏུ་བརྩོན་འགྲུས་ལྡན།། བདུག་སྤོས་སོགས་དང་བཞི་པོ་ཡང་།། རང་གི་མཚན་མ་ངེས་པར་འཛིན།། ཕྱག
120b2 རྒྱའི་སྔགས་རྣམས་བརྗོད་པས་སོ། ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གཏི་མུག་རྡོ་རྗེའི་སྔགས་འདི་གསུངས་སོ།། ཨོཾ་ཛ་ན་ཛི་ཀ། དེ་ནས་བཅོམ་ལྡན
120b3 འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་སྔགས་འདི་གསུངས་པ་ནི་སེར་སྣ་རྡོ་རྗེའོ། ། ཨོཾ་རཏྣ་དྷྲྀ་ཀ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས
120b4 སྔགས་འདི་གསུངས་སོ། ། ཨོཾ་ཨཱ་རོ་ལི་ཀ་སྟེ་འདོད་ཆགས་རྡོ་རྗེའོ།། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲག་དོག་རྡོ་རྗེའི་སྔགས་འདི་གསུངས་སོ།
120b5 ཨོཾ་པྲཛྙཱ་དྷྲྀ་ཀ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བདེ་བར་གཤེགས་པས་རྡོ་རྗེའི་སྔགས་འདི་གསུངས་སོ།། ལོ་ཙ་ན་ཧཱུཾ། དེ་ནས་ཡང་བཅོམ་ལྡན་འདས
120b6 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཆུ་རྡོ་རྗེའི་སྔགས་འདི་གསུངས་སོ། ། ཨོཾ་མཱ་མ་ཀཱི་ཏཱཾ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་མེ་རྡོ་རྗེའི་སྔགས
120b7 འདི་གསུངས་སོ། ། པཎྜི་ར་ཧྲཱི། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རླུང་རྡོ་རྗེའི་སྔགས་འདི་གསུངས་སོ།། ཏཱ་ར་ཨ། དེ་ནས་བཅོམ་ལྡན་འདས་དེ་བཞིན




iiif viewer powered by OpenSeadragon

120a - 121a

Texts on this page

S432 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po