| | e-texts navigator
|
120a1 ཐུགས་རྗེ་ཆེན་པོ་དང་ལྡན་པས། ། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། དེ་ནས་སྒྲུབ་པ་བཤད་བྱ་བ།། རྩིབས་བརྒྱད་དབུས་ཀྱི་ལྟེ་བ་ལ།། བདག་ཉིད་ཕྱག་ད
120a2 ཞལ་རྣམས་ནི། ། དྲུག་དྲུག་ལྡན་པར་གྱུར་པ་སྒོམ།། ཞབས་ཀྱང་རེ་དང་འདྲ་བ་སྟེ།། གཡས་ཀྱི་དང་པོའི་ཕྱག་ན་ནི།། རྡོ་རྗེ་ཐོ་བ་གཡས་གཉིས་ན།། རལ་གྲི་དེ་བཞིན་གཡོན་གྱི་ཡང་།
120a3 ། དང་པོར་ཞགས་པ་སྡིགས་མཛུབ་ལྡན།། གཉིས་པར་གཏུན་ཤིང་ལེགས་པར་འཛིན།། རྡོ་རྗེ་དྲིལེ་བུ་མཐའ་མས་བསྣམས།། སྟེང་ཞལ་ནག་པོ་རབ་འཇིགས་པ།། ཞབས་གཉིས་རྡོ་རྗེ་སྐྱིལ
120a4 ཀྲུང་སྟེ། ། བརྐྱང་བསྐུམ་གར་གྱིས་ཞབས་བཞིར་གནས།། སྟག་ལྤགས་ཀྱིས་ནི་རྣམ་དཀྲིས་ཤིང་།། སེང་གེ་སེར་ལ་རལ་པ་ནི།། གྱེན་འགྲེང་འདུས་ཏེ་སྤྱི་བོར་ཡང་།། ཐོད་པའི་འཕྲེང
120a5 བས་རྣམ་པར་བཅིངས། ། འདི་ནི་ཁྲོ་བོ་ཚོལ་པ་སྟེ།། ལག་ཆ་སྣ་ཚོགས་དག་དང་ལྡན།། ཤར་རྩིབས་ལ་སོགས་རྣམ་བཞི་ལ།། གཏི་མུག་སོགས་ཏེ་བཞི་པོ་ཡང་།། དཀར་དང་སེར་དང
120a6 དམར་བ་ཡང་། ། དེ་བཞིན་བཞི་པ་ལྗང་ཁུ་སྟེ།། གཡས་ཀྱིས་འཁོར་ལོ་རིན་ཆེན་འབར།། པདྨ་སྣ་ཚོགས་རྡོ་རྗེ་སྟེ།། གཡོན་གྱིས་དྲིལ་བུ་ལེགས་པར་འཛིན།། མཚམས་སུ་ལཾ་སོགས
120a7 ལ་སྐྱེས་པ། ། ལྷ་མོ་བཞི་པོ་ངེས་པར་བསམ།། བདག་པོ་འདྲ་སྟེ་སྒེག་ཉམས་འཛིན།། གྲཱ་ཡི་ལྷ་མོ་མཚམས་ལ་ནི།། ལཱ་སྱེ་མུ་ཏི་ཀུར་ལྡན་ནོ།། རིན་ཆེན་འཕྲེང་བ་ཕྱག་གཉིས་བསྣམ།།
iiif viewer powered by OpenSeadragon
119b - 120b