e-texts navigator
Collection
Volume
Page
Wylie

119b1 བྱི་འཕྲེང་བ་མ་དང་། སེམས་ཅན་གྱི་རྒྱུད་ཚིམ་པར་བྱེད་པ་མ་དང་། བཙོན་འགྲུས་ཀྱི་ངོ་བོ་མ་དང་། བདུག་སྤོས་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་དང་། དེ་ལ་སོགས་པ
119b2 དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་ལྷ་མོ་བེ་ཏ་ལི་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ད་ལྟར་འདི
119b3 ན་གདུག་པ་ཅན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་འཚེ་བར་བགྱིད་པ་དང་། མ་འོངས་པ་ནའང་ཐེག་པ་ཆེན་པོ་པ་དང་། སེམས་ཅན་ཐམས་ཅད་ལའང་འཚེ་བར་བགྱིད་པ་དག་འབྱུང་ན་དེ
119b4 རྣམས་ཇི་ལྟར་ཚར་གཅད་པར་གྱིས། དེ་ནས་བཅོམ་ལྡན་འདས་བགེགས་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྒོམ་པར་ཞུགས་ཏེ། ཉིད་ཀྱི་སྐྲ་གསུང་ཐུགས་རྡོ་རྗེ་ལས
119b5 སྙིང་པོ་འབྱུང་ངོ་། ། ཧྲཱི། དེ་མ་ཐག་ཏུ་བཅོམ་ལྡན་འདས་ཉིད་ཞལ་དྲུག་པ། ཕྱག་དྲུག་པ། ཞབས་དྲུག་པའི་ངོ་བོར་གྱུར་ནས། མ་ཧེ་རུ་གཉིས་པ་ལ་བརྫིས་ཏེ། མ་ཧེའི་བདག་པོ་ཆུང་མ་བཅས
119b6 པར། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀཏ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཞལ་བཞད་པ་དང་བཅས་པས། ཨོཾ་གསུང་ཞིང་མནན་པར་གྱུར་ཏོ།། ལྷ་དང་། ལྷ་མ་ཡིན་དང་། བདུད་ཐམས་ཅད་ཀྱིས་སྐྲག་ཅིང་འདར
119b7 བ་དང་བཅས་པས་འདུད་པར་གྱུར་ཏོ། ། ཚངས་པ་དང་དབང་པོ་ལ་སོགས་པ་ཐམས་ཅད་ཀྱང་ཕྱག་འཚལ་ཞིང་འདུད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་ཁྲོ་བོ་ཡི།། རྒྱལ་པོ་ཆེན་པོ་རབ་འཇིགས




iiif viewer powered by OpenSeadragon

119a - 120a

Texts on this page

S432 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po