e-texts navigator
Collection
Volume
Page
Wylie

427a1 བྱ། ། དབུས་ཀྱི་ཟླ་བར་བསྲུང་བྱ་སྟེ།། ས་བོན་བདུན་གྱིས་བསྐོར་བའོ།། འཁོར་ལོའི་ཕྱི་ཡི་རིམ་པ་ལ།། ཨུཏྤལ་འཕྲེང་བས་བརྒྱན་པའོ།། འདི་ནི་གྲོ་ག་ལ་བྲིས་ལ།། རང
427a2 གི་དཔུང་ལ་གདགས་པར་བྱ། ། གཞན་ཡང་བྱིས་པ་རྒན་པོ་དར་ལ་བབ།། འཁྲུལ་འཁོར་གྱིས་ནི་རང་སྲུང་འགྲུབ།། གལ་ཏེ་དབང་ཕྱུག་ཐོབ་པར་བྱ་འདོད་ན།། ས་བོན་གྱི་གྲོང་ཁྱེར་བྲིས་ལ་དེའི་དཀྱིལ
427a3 དུ་གཞུ་བྲི་བར་བྱའོ། ། གཞུའི་དཀྱིལ་དུ་རིན་པོ་ཆེའི་རྣམ་པ་ལྟ་བུའི་ཨུཏྤལ་གྱི་མྱུ་གུ་བྲི་བར་བྱའོ།། ཨུཏྤལ་སྙིང་པོའི་དབུས་སུ་ཡི་གེ་ཧཱུཾ་ལ་ཡི་གེ་བདུན་གྱིས་བསྐོར་བའོ།། ས་ལེ་སྦྲམ་གྱི་བྱང་བུ་ལ
427a4 མངོན་པར་བྲིས་ལ་ཁྱིམ་གྱི་སྟེང་དུ་ངེས་པར་གཞག་པར་བྱའོ། ། ཕྱི་རོལ་ནས་ཨུཏྤ་ལའི་འཕྲེང་བས་མངོན་པར་བསྐོར་བར་བྱས་ལ། ཚེས་བཅུ་གཉིས་སམ་བརྒྱད་ལ་རིན་པོ་ཆེ་ལྔ་དང་ལྡན་པའི་བུམ་པ་གང
427a5 བས་ཕབ་ལ་ཁྲུས་བྱས་ནས་མཆོད་ནས་བཟླས་པ་བརྒྱ་རྩ་བརྒྱད་བྱས་ན། ལོ་གཅིག་གིས་ནོར་འཛིན་དང་མཚུངས་པར་འགྱུར་རོ།། དེ་ལྟ་བུའི་རིགས་པའི་རིལ་བུ་ཡང་དག་པར་གདགས་པར་བྱའོ།།
427a6 དེ་ནས་སྦྱོར་བའང་འབྱུང་བར་འགྱུར་ཏེ། མིག་དམར་ལ་བབ་པ་ན་འགྲོན་བུ་གན་ཀྱལ་དུ་གནས་པ་རྙེད་ན་ལག་པའི་མཐིལ་དུ་བཞག་ནས། སྔགས་འབུམ་ཕྲག་གཅིག་བརྒྱ་བཟླས་ན་རྒྱལ་པོ་འདི་ཐ
427a7 པ་ན་ཕ་རོལ་པོ་ལས་རྒྱལ་བར་འགྱུར་རོ། ། འགྲོན་བུ་དེ་བླངས་ལ་ཀུ་རུ་ཀུལླེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས། ཚེས་བཅུ་གཉིས་སམ་བརྐྱང་ལ་ཁྲུས་བྱས་ནས་མཆོད་ལ་དར་གྱི་ནང་དུ་གཏུམས་ནཱ




iiif viewer powered by OpenSeadragon

426b - 427b

Texts on this page

S403 - 'phags pa sgrol ma ku ru ku lle'i rtog pa