e-texts navigator
Collection
Volume
Page
Wylie

425b1 བཟླས་དང་སྦྱིན་སྲེག་སྦྱོར་བ་ཡིས།། ཆོས་རྣམས་ཀུན་ལ་སྤྱོད་པའོ།། བློ་ནི་དག་གསལ་དྲི་མ་མེད།། དེ་ཉིད་ཤེས་རབ་ཕ་རོལ་ཕྱིན།། རྣལ་འབྱོར་པ་ནི་གྲོལ་བར་འགྱུར།། གྲི་ཧ་པི་དའི་ལོ་མ་དང་།།
425b2 ཏི་དང་ནི་ཤིང་མངར་དང་།། བྲམ་ཟེ་མོ་དང་མ་ག་ཏ།། སྦྲང་དང་བཅས་པ་བཟའ་བར་བྱ།། ཤེས་རབ་འཕེལ་བར་བྱ་བའི་ཆོ་གའོ།། དུག་རྗེས་སྦྲང་རྩི་མར་དང་བཅས།། འཁོར་ལོ་བཟང་རྩ་དེ
425b3 བཞིན་ཏེ། ། མཆེ་བའི་དུག་གིས་བཟུང་བ་ལ།། བསྐུས་དང་འཐུངས་པས་ཞི་བར་མཛད།། དུག་གཞིལ་བའི་སྨན་ནོ།། ཛ་རི་ཙཎྜ་ལི་དག་དང་།། ནད་པའི་སྡེ་ནི་མར་ཁུར་བཅས།། ལུས་ཀྱི
425b4 སྲིན་བུ་ཤི་བའི་རོ། ། ཟོས་ནས་དབང་དུ་འགྱུར་བ་ཡིན།། དབང་དུ་བྱ་བའི་སྨན་ནོ།། དུག་འགུགས་པས་ནི་འགྲོ་བ་བཞིན།། ཤེས་རབ་འཕེལ་བས་སངས་རྒྱས་ཉིད།། ཆོས་ཀྱི་འཁོར་ལོ་བསྐོར
425b5 བ་ནི། ། སྐད་ཅིག་གིས་ནི་དབང་བྱེད་འགྱུར།། བདག་གཞན་དོན་རབ་བསྒྲུབ་པ་ལ།། ཐེག་པ་ཆེན་པོར་ཐབས་གཞན་མེད།། རིག་པ་ལན་ཅིག་བསྒྲུབས་པ་ཡིས།། འཕྲལ་དུ་ཡིད་ཆེས་བྱེད་པ་ཡིམ།།
425b6 ཧྲཱིཿཡིག་མྱོས་པའི་སྣོད་བསམ་ན།། བུད་མེད་རྣམས་ནི་འཛག་པར་འགྱུར།། ལྕེ་སྙིང་དཀྱིལ་དུ་ཧྲཱི་དེ་ཉིད།། བསམས་ན་བློ་རྣམས་སྐྱེ་བར་བྱེད།། མཆེ་བས་བཟུང་བ་ལས་བསྒོམས་པ།།
425b7 ཆོས་ཀྱི་ཡི་གེ་མཛེས་པ་ཡིས།། ཡི་གེ་དག་ནི་དུགཞི་བྱེད།། སྒྲོལ་མའི་སྙིང་པོ་ཁམས་གསུམ་ལས།། རྒྱལ་བ་ལེན་པར་བརྩེ་བ་ཅན་གྱིས་རྣམ་ཤེས་བྱ།། ངག་གི་སྐྱོན་རྣམ་ཟད་པས་དུག་སེལ




iiif viewer powered by OpenSeadragon

425a - 426a

Texts on this page

S403 - 'phags pa sgrol ma ku ru ku lle'i rtog pa