e-texts navigator
Collection
Volume
Page
Wylie

42a1 དཔའ་བོ་རྡོ་རྗེ་ལ་སོགས་པ་མཁའ་འགྲོ་མ་དང་། མ་མོའི་ཚོགས་ཀྱིས་བནོར་ཏེ་བཞུགས་པའི་དུས་སུ། དཔའ་རྡོ་རྗེ་མཁའ་འགྲོ་ལ་སོགས་པས་གཡོན་ཕྱོགས་སུ་བསྐོར་བ་ལན
42a2 གསུམ་བྱས་ནས་ཕྱོས་ས་གཅིག་ཏུ་འཁོད་དོ། ། དཔའ་བོ་རྡོ་རྗེས་བཅོམ་ལྡན་འདས་ལ་སྤྱི་བོས་གཏུགས་ཏེ་ཧ་ཧ་ཞེས་པ་གསུམ་བརྗོད་ནས། བཅོམ་ལྡན་འདས་ལ་གསོལ་པ། རྩ་ནི་གང་ལགས་རླུང་གང
42a3 ལགས། ། ཐིག་ལེ་གང་ལགས་གྲངས་ནི་དུ།། དེ་ལ་སེམས་གཟུང་ཇི་ལྟར་ལགས།། འཁོར་ལོ་ཇི་ལྟར་ལགས་པ་དང་།། དེ་ཡི་གྲངས་ནི་དུ་ཞིག་མཆི།། རྩ་རྣམས་རང་བཞིན་ཇི་ལྟར་ལགས།།
42a4 ཡི་གེ་དགོད་ཐབས་ཇི་ལྟར་ལགས།། དེ་རྣམས་དབུས་ཀྱི་ལྟེ་བར་ནི།། ཡི་གེ་དགོད་པ་གང་དང་གང་།། གཏུམ་མོ་སྦར་བ་ཇི་ལྟར་ལགས།། ཟླ་བ་ཉི་མ་ཇི་ལྟར་ལགས།། གནས་ནི་གང་དུ་གཟུང་བར་བགྱི།
42a5 རྐྱེན་གཉིས་འཁོར་ལོ་ཇི་ལྟར་ལགས།། གོ་བཟློག་ཚུལ་ནི་ཇི་ལྟར་ལགས།། གསང་བའི་འཁོར་ལོ་བཞི་གང་ལགས།། དེ་རྣམས་ཀྱི་ནི་དགོངས་པ་དང་།། དེ་ལ་དགའ་སོགས་ཇི་ལྟར་འབྱུང་།།
42a6 སྟོང་པ་བཅུ་དྲུག་ཇི་ལྟར་ལགས།། ས་ཡི་རིམ་པ་ཇི་ལྟར་ལགས།། དེ་རྣམས་ཀྱི་ནི་དགོངས་པ་དང་།། དགོས་པའི་དགོངས་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན
42a7 ཅིག་དཔའ་བོ་རྡོ་རྗེ་ཁྱོད། ། ཁྱོད་ལ་བཤད་ཀྱིས་ལོགས་པར་ཟུང་།། རྩ་རྣམས་ཀྱི་ནི་རང་བཞིན་ནི།། ནམ་མཁའ་གཉིས་མེད་ཐམས་ཅད་སྐྱེད།། དེར་གནས་རླུང་གི་རང་བཞིན་ནི།། གཡོ་བ་རྣམ




iiif viewer powered by OpenSeadragon

41b - 42b

Texts on this page

S372 - dpal stobs chen ye shes rgyal po'i rgyud kyi rgyal po