e-texts navigator
Collection
Volume
Page
Wylie

40a1 གཡོས་ཀྱང་། ། གསོད་པའི་འདུ་ཤེས་མ་སྐྱེས་ན།། ཆེས་གཅོད་རྣམས་ཆུང་བ་ངེས།། གཞན་གྱིས་གདོན་པར་ཚོར་རབ་དག། ཉམས་པ་འབྲིང་དུ་གསུངས་པ་ཡིན
40a2 དེ་ལས་བཟློག་པ་ཆེན་པོར་དེས། ། གང་ཞིག་མ་བྱིན་ཆུང་བླངས་ཀྱང་།། གཞན་ལ་འོན་མོངས་ཆེར་སྐྱེས་ན།། དེ་འང་ཉམས་པ་འབྲིང་དུ་ངེས།། ཆེར་བླངས་ཉོན་མོངས་ཆུང་ན་འབྲིང་།། ཆེན་པོ་ལས
40a3 ནི་ཉོན་མོངས་ཆེར། ། དེ་ནི་ཆེན་པོ་ཁོ་ནར་ངེས།། ཚུལ་འཆོས་ལྷུང་བ་ཆེན་པོ་སྟེ། མི་ཤེས་པ་དང་བག་མེད་དང་།། བརྗེད་ངས་ལ་སོགས་འབྲིང་དུ་གསུངས།། གཞན་ཡང་དམ་ཚིག་ཉམས་པ་ཡི།།
40a4 ཆེ་འབྲིང་ཆུང་ངུའི་ལྡང་ཚང་དག། རང་དང་གཞན་དང་གཉིས་ཀ་ཡི།། རྒྱུ་རྐྱེན་ངག་ལས་ཤེས་བྱ་སྟེ།། ལྡང་བ་ངོ་ཡིས་ཟིན་པ་དང་།། ཕྱི་ནང་རྡོ་རྗེ་སློབ་དཔོན་གྱི།། སྤྱན་སྔར་དཀྱིལ་འཁོར་ཆེན་པོ
40a5 བཞེངས། ། ཚུལ་དང་མཐུན་པར་བཤགས་པ་བྱ།། དམ་ཚིག་གོང་འོག་བྱེ་བྲག་ནི། བླ་མའི་དཀྱིལ་འཁོ་མ་ཤེས་པར་བྱ། གཞན་ཡང་བཤགས་པའི་བྱེ་བྲག་ལས།། སྦྱིན་སྲེག་གིས་ནི་སྡིག་སྲེག
40a6 ཕྱིར། ། ནང་གི་སྐྱོན་སྲེག་ཆེན་པོ་བསམ།། ཟབ་པའི་མེ་ནི་ཆུན་བཞག་མོ།། ཐབས་ཀྱི་རྒྱུན་བཅག་མ་ཡིན་ཏེ།། ལོ་བདུན་དང་ན་ལོ་གཅིག་དག། ཕྱི་ཡི་རྒྱུན་བནག་ཆེན་པོའིམ།། ཐབ་གསུམ
40a7 དང་བདུན་དང་ནི། ། འབྲིང་དུ་གསུངས་ཏེ་ཞག་བདུན་སོགས།། རྒྱུན་བཞག་མེ་ནི་ཆུང་ངུར་གསུངས།། རྒྱས་པ་ལ་སོགས་དེ་བཞིན་ཏེ།། རང་བཞིན་གདོང་ནས་གནས་པ་ཡི།། གཏུམ་མོ་ཡེ་ཤེས




iiif viewer powered by OpenSeadragon

39b - 40b

Texts on this page

S370 - dpal mkha' 'gro ma gsang ba 'bar ba'i rgyud kyi rgyal po