| | e-texts navigator
|
39a1 ཚོན་ལ་སོགས་པ་ཡི། ། གཟུགས་བརྙན་ཡོངས་སུ་རྫོགས་པ་ལ།། བྱིན་བརླབས་ཡེ་ཤེས་བྱས་ནས་ནི།། ལྷ་ལོན་ཟེར་ནས་མཆོད་སོགས་ཏེ།། བཅོས་མའི་ལྷ་སོགས
39a2 ལྟར་ན། ། ཕུང་སོགས་ཡེ་ནས་སངས་རྒྱས་ལ།། ཅི་ཡི་ཕྱིར་ན་མཆོད་མི་བྱེད།། དེ་ནས་གཞན་ཡང་དབྱེ་བ་དག། འཁྲུལ་པ་ཡི་ནི་འཁྲུལ་གཞི་དག། བཅོས་པ་ཉེ་བར་བཅོས་མ་དང་།། འདྲ་བ་དང་ནི།
39a3 བུའོ།། དབང་བཞིས་གྲོལ་བར་མི་འགྱུར་ཏེ།། ལོག་པའི་སྲིད་པས་སྲིད་པར་འཆིང་།། འཁྲུལ་པས་འཁོར་ལོས་འཁོར་བར་བསྐོར།། དེ་བས་དངོས་གྲུབ་འདོད་པས་ཀྱང་།། ལྷ་ཡི་བུ་ཡི་བདུད་སྤངས
39a4 ཏེ། བླ་མ་དམ་པ་རྟག་ཏུ་བསྟེན།། ཡིད་ཆེས་རིག་དང་ངེས་ཤེས་སྐྱེ།། ལུང་གི་ཚད་མ་ཡིན་པ་དང་།། འོག་མ་སྤོང་ཞིང་གོང་མ་ཐོབ།། མན་ངག་ཚད་མ་ཡིན་པར་བླང་།། མོས་པའི་རྗེས་སུ་འབྲང་བྱེད
39a5 ཅིང་། ། ཆེ་བའི་ང་རྒྱལ་ལ་གནས་ཤིང་།། འཇིག་རྟེན་ལྷ་སྤྱོད་འདྲེན་པ་ཡི།། སྣོད་བཟུང་བླང་བར་མི་བྱའོ།། དེ་ནས་གཙོ་འཁོར་བྱེ་བྲག་ཀྱང་།། གནས་ཀྱི་ཁྱད་པར་དབུས་སུ་སྟེ།། རྒྱན་གྱི་ཁྱད་པར
39a6 ཐལ་བ་སྟེ། ། རིགས་ཀྱི་ཁྱད་པར་དྲུག་པའི་རིགས།། ཕྱག་དང་ཞལ་སོགས་ཁྱད་པར་གྱིས།། གཙེ་འཁོར་ལ་སོགས་ཁྱད་པར་འཕགས།། དཔེར་ན་ཕ་རོལ་ཕྱིན་དྲུག་ལས།། ཤེས་རབ་ཕ་རོལ་ཕྱིན
39a7 མེད་ན། ། ཕ་རོལ་ཕྱིན་པའི་མིང་མི་འཐོབ།། དཀྱིལ་འཁོར་དབུས་སུ་གང་གནས་པའི།། དེ་ཉིད་ཀྱིས་ནི་དཀྱིལ་འཁོར་ཏེ།། གང་ཞིག་དབུས་སུ་མི་གནས་ན།། འཁོར་རྣམས་དཀྱིལ་དུ་མི་འགྱུར་ཏེ།
iiif viewer powered by OpenSeadragon
38b - 39b