e-texts navigator
Collection
Volume
Page
Wylie

38b1 པར་ཡང་ངམ་ཅི། ། གཙོ་འཁོར་ཁྱད་པར་མེད་ངམ་ཅི།། སེམས་ཅན་དང་ནི་སངས་རྒྱས་ལ།། བྱེ་བྲག་ཐ་དད་མེད་དམ་ཅི།། དམ་ཚིག་ཆེ་ཆུང་མེད་དམ་ཅི།། དེ་ཉམས་བཤགས་ཐབས་ཡོད་དམ་ཅི།།
38b2 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྣམ་རྟོག་གཟུང་འཛིན་དགག་པ་དང་།། རང་རིག་ཡེ་ཤེས་བླུགས་པའི་ཕྱིར།། དབང་རྣམས་སྒྱུ་མ་ཙམ་དུ་ཡོད།། རྣལ་འབྱོར་སེམས་ཀྱི་ངོ་བོ་རུ།། དབང་ནི་ངེས
38b3 པ་ཁོ་ན་སྡེ། ། ལུས་ངས་ཀུན་ནས་བསླངས་པས་སོ།། དེ་ཕྱིར་སེམས་ཀྱི་དྲི་མ་ནི།། འཁྲུད་དང་འཐོར་དང་སྲེག་པ་དང་།། མཁྱེན་པའི་རྟེན་དང་གོ་འབྱེད་པས།། ས་དང་ཆུ་དང་མེ་དང་རླུང་།། ནམ་མཁའ་ལྷ
38b4 བུར་གསུངས་པ་སྟེ། ། དང་པོ་གཉིས་པ་གསུམ་པ་དག། རིམ་གྱིས་མ་བགྲོད་དབང་མི་ཐོབ།། བསྐྱེད་པའི་རིམ་པ་ལ་གནས་ཤིང་།། རྫོགས་པའི་རིམ་པ་འདོད་རྣམས་ལ།། ཐབས་འདི་རྫོགས་པའི
38b5 སངས་རྒྱས་ཀྱིས། ། སྐས་ཀྱི་རིམ་པ་ལྟ་བུར་གསུངས།། གང་ཟག་མཆོག་དང་ལས་དང་པོ།། མངོན་པར་རྟོགས་པའི་རིམ་པ་དང་།། མངོན་པར་རྟོགས་པའི་ཡན་ལག་གོ།། འདི་ཡིས་ངན་འགྲོའི
38b6 སྲིད་ལས་གྲོལ། ། དབང་དང་མན་ངག་འབྲེལ་བས་སོ།། དེ་ནས་བཞི་པ་ཞལ་གྱི་དབང་།། སྔོན་དུ་འགྲོ་དང་མི་འགྲོ་མེད།། འདིནི་དབང་གི་རྒྱལ་པོ་སྟེ།། སློབ་དཔོན་སེམས་ཀྱི་རྒྱལ་པོ་སྟེ།། འདི་ནི
38b7 རང་རིམ་པམ་པའི་དབང་། འདི་ཡིས་ཐམས་ཅད་གྲོལ་བར་འགྱུར།། འདལ་རྟབ་ཏུ་བྱས་མམས་ཀྱི། རྔ་ཤིང་འགྲམ་འབག་ལ་སོགས་ལ།། གཟུགས་པནན་མོངས་སུ་རྫོགས་པ་མ།། རམ




iiif viewer powered by OpenSeadragon

38a - 39a

Texts on this page

S370 - dpal mkha' 'gro ma gsang ba 'bar ba'i rgyud kyi rgyal po