| | e-texts navigator
|
389b1 གཞོན་ནུ་ལྟ་བུའི་མཚན་ལྡན་ཤཱཀྱའི་རིགས།། ཟས་གཙང་སྲས་སུ་རྒྱལ་རིགས་འཁོར་ལོ་སྒྱུར་རྒྱལ་བལྟམས།། བལྟམས་པ་ནས་བཟུང་སཱ་ལའི་ཚལ་དུ་མ་ལུས་རྫོག། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས
389b2 ཤོག། བྱམས་པའི་སྟོབས་ཀྱིས་འགྲོ་བ་མ་ལུས་སྒྲོལ་མཛད་ཅིང་།། སེམས་ཅན་མཐའ་ཡས་ཞི་བདེའི་ལམ་ལ་རབ་བཀོད་ནས།། གྲོང་ཁྱེར་རྩཝ་མཆོག་དམ་པར་དགོངས་པ་ཡོངས་རྫོགས་ཀག། བཀྲ་ཤིས
389b3 དམ་པ་དེས་ཀྱང་དེ་བ་འདིར་བདེ་ལེགས་ཤོག། བཅོམ་ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན།། ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་ཉེ་ལྡན་དུ། པ་ཏོ་ལ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ།།
389b4 དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནའི་གྲོང་ཁྱེར་དུ།། ཤིང་མཆོག་སིན་འདིའི་ཤིང་དྲུང་མངོན
389b5 པར་སངས་རྒྱས་པ། ། དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། རྒྱལ་བ་ཐམས་ཅད་སློབ་པའི་རྒྱལ་རིགས་བློ་གྲོས་ཅན།། ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ།། ཤིང་མཆོག་སཱ་ལའི་ཤིང
389b6 ། དྲུང་མངོན་པར་སངས་རྒྱས་པ།། དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས།། ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། ཤི་རི་ཤི་ཡི
389b7 ཤིང་དྲུང་མངོན་པར་སངས་རྒྱས་པ། ། དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིག། ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ།
iiif viewer powered by OpenSeadragon
389a - 390a