| | e-texts navigator
|
388b1 བྱའི་བཀྲ་ཤིས་གང་ཡིན་པ། ། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས།། ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་།། ཚེ་གྲངས་མེད
388b2 པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གངྒཱ། ། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྤོར་མཛད་ཅིང་།། འགྲོ་བ་ཀུན་གྱི་འཆིང་བས་བཅིངས་ལས་གྲོལ་མཛད་པ།།
388b3 ཐུབ་མཆོག་དོན་ཡོད་གྲུབ་ཀྱི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཚིགས་སུ་བཅད་པ་རྫོགས་སོ།། །
388b4 དམ་པ་ཏོག་དཀར་དགའ་ལྡན་ཕོ་བྲང་ངམ་པ་རུ།། མི་ཕ་མ་མགོན་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཞིང་།། འཛམ་གླིང་ཉིད་དུ་གླང་ཆེན་ཐལ་ཀར་ལྟར་གཤེགས་གང་།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདི་རི་བདེ་ལེགས།
388b5 ཤོག། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དམ་པ་ཟས་གཙང་སྲས།། བུད་མེད་སྐྱོན་བྲལ་གཡོ་སྒྱུ་སྤངས་པ་ལྷ་མཛེས་ཡུམ།། ལྡུམ་སུ་ཟླ་བཅུར་བློ་གྲོས་ལྡན་པ་ཤཱཀྱའི་རིག། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ
388b6 ལེགས་ཤོག། ལྡུམ་པའི་ཚལ་ནི་དབེན་ཞིང་ཉམས་དགའ་བླག་ཤའི།། ཡལ་ག་ནས་བཟུང་བལྟམས་གྱུར་ཚངས་དང་བརྒྱ་བྱིན་འདུད།། མཁའ་ལ་གཤེགས་ཏེ་ཕྱོགས་བཅུར་པདྨ་འབྱུང་འགྱུར་གང་། བཀྲ
388b7 ཤོས་དམ་པ་དེས་ཀྱང་དེང་འདིརེ་བདེ་ལེགས་ཤོག། གཞལ་མེད་ཁང་མཛེས་དྲང་སྲོང་དམ་པའི་མདུན་བཞག་ནས།། མཚན་ལྷས་ཤིས་པ་བརྗོད་དེ་སྟོན་པ་བྱང་གྱུར་པ།། ཤཱཀ་རིག་བུད་མེད་འཁོར་ལྡན་ཀུན་འདུས
iiif viewer powered by OpenSeadragon
388a - 389a