| | e-texts navigator
|
385b1 དགེ་གྱུར་པ། ། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། གང་ཞིག་པ་དང་མ་དང་བུ།། ཆུང་མ་དེ་བཞིན་མངག་གཞུག་ལ།། རྟག་ཏུ་རིམ་གྲོ་ལེགས་བྱས་པ།། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། གང་ཞིག་རག་ཏུ
385b2 དགྲ་བཅོམ་ལ། ། ཡོན་རྣམས་ཤིན་ཏུ་བརྟན་བྱས་དང་།། ལྷ་རྣམས་ལ་ཡང་བྱ་བསྒོ་བ།། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། གང་ཞིག་ལུས་དང་ངག་དང་ནི།། ཡིད་ཀྱིས་ཉེས་པ་བྱས་མེད་ཅིང་།། གང
385b3 ཞིག་གནས་གསུམ་བསྡམས་གྱུར་པ། ། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། གང་ཞིག་འབྱུང་པོ་ཐམས་ཅད་ལ།། བྱམས་པའི་སེམས་ནི་རབ་བསྒོམས་ཤིང་།། དཔག་ཏུ་མེད་ལ་མི་འཁྲུགས་པ།། དེ་ལ
385b4 ཀུན་ཏུ་བདེ་ལེགས་འགྱུར། ། སྡུག་བསྔལ་ཐམས་ཅད་སྤང་བའི་ཕྱིར།། བདེ་བ་འཐོབ་བྱེད་འཕགས་པའི་ལམ།། ཡན་ལག་བརྒྱད་པ་སུས་བསྒོམས་པ།། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། འདུ་བྱེད
385b5 ཐམས་ཅད་སྟོང་ཉིད་དུ། ། གང་གིས་རྟག་ཏུ་རབ་མཐོང་ཞིང་།། དེར་ཡང་སེམས་ཅན་གནས་གྱུར་པ།། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། གང་དག་དྲི་མ་མེད་ཆོས་རྣམས།། ལུས་ཀྱིས་མངོན་སུམ་བྱས་ནས་སྤང
385b6 དགྲ་བཅོམ་རྣམ་པར་གྲོལ་སེམས་རྣམས། ། དེ་དག་རྟག་ཏུ་བདེ་ལེགས་འགྱུར།། གང་ཞིག་འདོད་ཆགས་ཞེ་སྡང་དང་།། མ་རིག་པ་ཡང་རྣམ་སྤངས་དང་།། ཤེས་པ་མི་འཇིགས་སྐྱེས་གྱུར་པ།། དེ་ལ
385b7 ཀུན་ཏུ་བདེ་ལེགས་འགྱུར། ། ལྷ་དང་བཅས་པའི་འཇིག་རྟེན་མགོན།། ཡང་སྲིད་ཟད་པའི་སངས་རྒྱས་ཀྱིས།། གང་ལ་ཁོང་དུ་ཆུད་མཛད་པ།། དེ་ལ་ཀུན་ཏུ་བདེ་ལེགས་འགྱུར།། བདེ་ལེགས་སུ
iiif viewer powered by OpenSeadragon
385a - 386a