e-texts navigator
Collection
Volume
Page
Wylie

385a1 ཅིང་། ། བྱང་ཆུབ་ཐོབ་མིན་དོན་གཞན་བྱེད་མ་གྱུར།། ལུས་ཀུན་དབང་པོ་དག་པས་རབ་རྒྱས་ཤིང་།། ནད་མེད་རིམས་ནད་མེད་ཅིང་མྱ་ངན་བྲལ།། ཚེ་རིང་ཞི་དང་སྒྲ་ནི་ཡིད་འོང་ལྡན།།
385a2 སྡིག་ལས་ཟློག་ཅིང་དགེ་ལ་འཇུག་གྱུར་ཅིག། སེར་སྣ་བྲལ་ཞིང་ཟང་ཟིང་མེད་ཆོས་ཀྱིས།། རྟག་ཏུ་ཕན་ཚུན་ཕན་འདོགས་བྱེད་པར་ཤོག། གཞན་དུ་སྙིང་རྗེ་ཆེ་དང་ལྡན་གྱུར་ནས།། འདོད་པ་མི་མངའ་བདེ
385a3 བར་གཤེགས་གྱུར་ཅིག། འགྲོ་བ་སྡུག་བསྔལ་བྱིང་ལ་ཕན་བྱའི་ཕྱིར།། སངས་རྒྱས་བྱང་ཆུབ་བླ་ན་མེད་མཆོག་ཏུ།། རྡོ་རྗེ་རྒྱལ་མཚན་ཡོངས་བསྔོ་རྒྱལ་པོ་ལ།། དེས་ནི་རང་གི་བསོད་ནམས་ཡོངས་སུ་བསྔོ
385a4 བདེ་གཤེགས་ཀུན་ཏུ་བཟང་དང་མཁྱེན་པ་དག། ཀུན་ཏུ་བཟང་པོ་བསྡོད་གེ་ཇི་ལྟ་བར།། དེ་བཞིན་བདག་ཀྱང་ཀུན་ཏུ་བཟང་སྤྱོད་དང་།། རྒྱལ་བ་དམ་པ་ཀུན་ཏུ་བཟང་པོར་ཤོག། རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ
385a5 བསྔོ་བ་རྫོགས་སོ། ། ། རྒྱ་གར་སྐད་དུ། སྭ་སྱཱ་ཡ་ན་གཱ་ཐ། བོད་སྐད་དུ། བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག
385a6 འཚལ་ལོ། ། ལྷ་ཞིག་ཉེ་བར་འོངས་ནས་སུ།། འཇིག་རྟེན་མགོན་ལ་ཞུས་བྱས་ཏེ།། གང་གིས་ཀུན་ཏུ་བདེ་ལེགས་འགྱུར།། བདག་ཞུས་བཅོམ་ལྡན་བཀའ་སྩལ་གསོལ།། དེ་ཡི་ཚིག་དེ་གས་ན་གྱུར་ནས།།
385a7 འཇིག་རྟེན་འདྲེན་པས་བཀའ་སྩལ་པ།། གང་གིས་ཀུན་ཏུ་བདེ་ལེགས་འགྱུར།། དེ་ནི་ལྷ་ཁྱོད་ལེགས་པར་ཉོན།། གང་ཞིག་དེ་བཞིན་གཤེགས་པ་དང་།། གཡོ་བ་མེད་ཅིང་རབ་བརྟན་དང་།། གང་གིས་ཚུལ་ཁྲིམས




iiif viewer powered by OpenSeadragon

384b - 385b

Texts on this page

S327 - rdo rje rgyal mtshan gyi yongs su bsngo ba
S328 - bde legs su 'gyur ba'i tshigs su bcad pa