e-texts navigator
Collection
Volume
Page
Wylie

382b1 ཁྲིམས་ཀྱི་རྒྱུ་མི་འབྱུང་བ་དང་། ཏིང་ངེ་འཛིན་གྱི་རྒྱུ་དང་། དམིགས་པའི་རྒྱུ་དང་། བསམ་གཏན་གྱི་རྒྱུ་དང་། ཞི་གནས་ཀྱི་རྒྱུ་དང་། ལྷག་མཐོང་གི་རྒྱུ་དང་། མངོན་པར་ཤེས་པའི་རྒྱུ་དང
382b2 ཟག་པ་ཟད་པའི་རྒྱུ་དང་། སོ་སོ་ཡང་དག་པར་རིག་པའི་རྒྱུ་རྣམས་རྣམ་པར་དག་པར་མི་འགྱུར་བ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མངོན
382b3 དུ་མི་འགྱུར་བ་དང་། སྣང་བ་སྐྱེས་ཤིང་སྐྱེས་པ་དེ་དག་ནུབ་པར་འགྱུར་བ་དང་། རྙེད་པ་འདོད་པ་དང་། བསྙེན་བཀུར་འདོད་པ་དང་། གྲགས་པ་འདོད་པ་དང་། འཁོར་འདོད་པའི་སེམས་འབྱུང་བ
382b4 དང་། འདོད་པའི་རྣམ་པར་རྟོག་པ་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། སྐྱེ་བོ་ལ་རྣམ་པར་རྟོག་པ་དང་། གཉེན་ལ་རྣམ
382b5 པར་རྟོག་པ་དང་། གོས་དང་། ཟས་དང་། མ་ལ་སྟན་དང་། ན་བའི་གསོས་སྨན་གྱི་རྐྱེན་གྱི་ཡོ་བྱད་ལ་རྣམ་པར་རྟོག་པའི་སེམས་ལ་ཀུན་ནས་གནས་པ་དང་། ཚེ་ཐུང་བ་དང་། གནོད་པ་ཡང་བ་དང་།
382b6 མདོག་ངན་པ་དང་། གཟུགས་ངན་པ་དང་། དབང་ཆུང་བ་དང་། རིགས་དམའ་བ་དང་། ལོངས་སྤྱོད་ཆུང་བ་དང་། ཤེས་རབ་འཆལ་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ
382b7 གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་སོང་ངན་འགྲོར་འགྲོ་བ་དང་། ལུས་ལས་བྱུང་བའི་སྡུག་བསྔལ་རྣམ་པ་དུ་མ་དང་། སེམས་ལས་བྱུང་བའི་ལིང་མི་བདེ་བ་ཉམས་སུ་མྱོང་བ་དང




iiif viewer powered by OpenSeadragon

382a - 383a

Texts on this page

S326 - 'phags pa 'gro ba thams cad yongs su skyob par byed pa zhes bya ba'i yongs su bsngo ba