e-texts navigator
Collection
Volume
Page
Wylie

382a1 བཅས་པ་དང་། ཁ་ན་མ་ཐོབ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པའི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་མ་འཚལ་བ་དང་། སྐྱེས་བུ་དམ་པ་དང་འདྲད
382a2 པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བགྱིད་པ་དང་། ཆོས་དང་འཐུན་པའི་ཆོས་སྒྲུབ་པ་མི་སྒྲུབ་པར་འགྱུར་བ་དང་། སྒྲིབ་པ་གང་གིས་བསྒྲིབས་ཤིང་གཡོགས་ཏེ། ཀུན་ནས།
382a3 དཀྲིས་པ་རྣམས་སེམས་ཅན་འདུལ་བ་དང་། བདག་འདུལ་བ་དང་། གཞན་འདུལ་བ་དང་། གཉིས་ཀ་འདུལ་བ་དང་། འཇམ་པོས་འདུལ་བ་དང་། ཁྲོ་བས་འདུལ་བ་དང་། བཏང་སྙོམས
382a4 ཀྱིས་འདུལ་བ་དང་། བསྡིགས་པས་འདུལ་བ་དང་། བསྐྲད་པས་འདུལ་བ་དང་། སྨད་པས་འདུལ་བ་དང་། བསྟེན་པ་དང་། བསྙེན་པ་དང་། བསྙེན་བཀུར་བྱས་པས་འདུལ་བ་དང་། ཆོས
382a5 བཤད་པས་འདུལ་བ་དང་། འཛུམ་བསྟན་པས་འདུལ་བ་དང་། ནང་དུ་ཡང་དག་འཇོག་གིས་འདུལ་བ་དང་། སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པས་འདུལ་བ་དང་། སྦྱིན་པ་དང་། ཚུལ
382a6 ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པས་འདུལ་བ་དང་། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་།
382a7 གཏོང་བ་དང་། ཤེས་རབ་དང་། སྒོམ་པས་འདུལ་བ་དང་། འདུལ་བ་གང་དང་གང་གིས། སེམས་ཅན་གྱི་ཁོམས་འདུལ་བར་འགྱུར་བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མ་འཚལ་བ་དང་། རྡུལ




iiif viewer powered by OpenSeadragon

381b - 382b

Texts on this page

S326 - 'phags pa 'gro ba thams cad yongs su skyob par byed pa zhes bya ba'i yongs su bsngo ba