| | e-texts navigator
|
371a1 སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན།། སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། རྫོགས་པའི་སངས་རྒྱས་གང་བཞུགས་པར།། གང་དག་འདས་དང་མ་བྱོན་པ།། དེ་དག་རྗེས
371a2 སུ་བདག་སློབ་ཅིང་། ། བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག། ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས།། འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག། མངོན་ཤེས་དྲུག་པོ་མངོན་བགྱིས་ནས།། བླ་མེད་བྱང་ཆུབ་རེག་གྱུར
371a3 ཅིག། མ་སྐྱེས་པ་དང་མི་འབྱུང་དང་།། རང་བཞིན་མ་མཆིས་གནས་ཨ་མཆིས།། རྣམ་རིག་མ་མཆིས་དངོས་མ་མཆིས།། སྟོང་པའི་ཆོས་རྣམས་རྟོགས་པར་ཤོག། སངས་རྒྱས་དྲང་སྲོང་ཆེན་པོ་ལྟར།།
371a4 སེམས་ཅན་མ་མཆིས་སྲོག་མ་མཆིས།། གང་ཟག་ཨ་ཨཆིས་གསོ་ཨ་ཨཆིས།། བདག་མ་མཆིས་པའི་ཆོས་རྟོགས་ཤོག། བདག་འཛིན་བདག་གིར་འཛིན་པ་ཡི།། དངོས་པོ་ཀུན་ལ་མི་གནས་པ་ར།།
371a5 སེམས་ཅན་ཀུན་ལ་བདེ་སླད་དུ།། སེར་སྣ་མ་མཆིས་སྦྱིན་གཏོང་ཤོག། དངོས་པོ་དངོས་པོ་མ་མཆིས་པས།། བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག། དངོས་པོ་ཐམས་ཅད་རྣམ་འཇིག་པས།། སྦྱིན་པའི་ཕ
371a6 རོལ་ཕྱིན་རྫོགས་ཤོག། ཁྲིམས་ཀྱིས་ཚུལ་ཁྲིམས་སྐྱོན་མེད་ཅིང་།། ཚུལ་ཁྲིམས་རྣམ་པར་དག་དང་ལྡན།། རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། ས་འམ
371a7 ཡང་ན་མེ་འམ་ཆུ། ། རླུང་གི་ཁམས་ལྟར་མི་གནས་ཤིང་།། བཟོད་པ་ཁྲོ་བ་མ་མཆིས་པར།། བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག། བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱི།། བསྟན་སྤྲོ་ལེ་ལོ་མ
iiif viewer powered by OpenSeadragon
370b - 371b