| | e-texts navigator
|
370b1 མཐོ་རིས་ལམ་ནི་རབ་སྟོན་ལ། ། རྒ་ཤི་མེད་པར་འདྲེན་མཛད་པ།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། སེམས་ཀྱི་དབང་དུ་གྱུར་པས་ན།། བདག་གིས་སྡིག་པ་ཅི་བགྱིས་པ།། སངས་རྒྱས་སྤྱན་སྔར
370b2 མཆིས་ནས་སུ། ། དེ་དག་བདག་གིས་བཤགས་པར་བགྱི།། བདག་ལས་རྣམ་པ་གསུམ་གང་ཡིས།། བསོད་ནམས་ཚེགས་ནི་བསྐྱེད་པ་དེ།། བདག་གི་ཀུན་མཁྱེན་ས་བོན་ཏེ།། བདག་གིས་བྱང་ཆུབ་མི
370b3 ཟད་ཤོག། ཕྱོགས་བཅུ་དག་གི་ཞིང་རྣམས་སུ།། སངས་རྒྱས་མཆོད་པ་གང་བྱུང་བ།། སངས་རྒྱས་མཁྱེན་པ་ཡི་རང་བས།། དེ་ལ་བདག་ཀྱང་ཡི་རང་ངོ་།། སྡིག་པ་ཐམས་ཅད་བཤགས་པར་བགྱི།།
370b4 བསོད་ནམས་ཀུན་ལ་ཡི་རང་ངོ་།། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག། ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན།། ས་བཅུ་དག་ལ་གནས་པ་ཡི།། བྱང་ཆུབ་སེམས
370b5 དཔའ་བྱང་ཆུབ་མཆོག། འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས།། བྱང་ཆུབ་དམ་པར་སངས་རྒྱས་ཤིང་།། སྡེ་དང་བཅས་པའི་བདུད་བཏུལ་ནས།། སྲོག་ཆག་ཀུན་ལ་སྨན་སླད་དུ།། ཆོས་ཀྱི་འཁོར་ལོ
370b6 སྐོར་གྱུར་ཅིག། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།། སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག། བསྐལ་པ་བྱེ་བ་བསམ་ཡས་སུ།། ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག། འདོད་པའི་འདམ་དུ་བྱིང་གྱུར་པའི།
370b7 སྲེད་པའི་སྲད་བུས་དམ་བཅིངས་པ།། འཆིང་བ་ཀུན་གྱིས་བཅིངས་དག་ལ།། རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ།། སེམས་ཀྱིས་དྲི་མར་བགྱིས་པ་ལ།། སངས་རྒྱས་རྣམས་ནི་སྨོད་མི་མཛད།།
iiif viewer powered by OpenSeadragon
370a - 371a