e-texts navigator
Collection
Volume
Page
Wylie

370a1 རྒྱལ་བས་མངོན་སུམ་དུ། ། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག། དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས།། སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས།། བློ་ཡི་སྟོབས་ཀྱིས་བྱོས།
370a2 བཅུ་རྣམས་སུ་ཡང་།། སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི།། བཟང་པོ་སྤྱོད་པའི་སྨོན་ལམ་ཏོན་པ་ཡི།། དགེ་བ་བཅུ་ཟད་བདག་གིས་ཅི་བསགས་པ།། དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས།། སྐད
370a3 ཅིག་གཅིག་ལ་ཐམས་ཅད་འབྱོར་པར་ཤོག། གང་ཡང་བཟང་སྤྱོད་སྨོན་ལམ་ཏོན་པ་ཡི།། བསོད་ནམས་མཐའ་ཡས་དམ་པ་ཐོབ་པ་དེས།། འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས།། འོད་དཔག་མེད་པའི
370a4 གནས་རབ་ཐོར་བར་ཤོག། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་པྲ་ཎི་དྷ་ན། བོད་སྐད་དུ།
370a5 འཕགས་པ་བྱམས་པའི་སྨོན་ལམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ།
370a6 ཏིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱས་ཏེ། ཚིག་འདི་སྐད
370a7 ཅེས་སྨྲས་སོ། ། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། དྲང་སྲོང་ལྷ་མིག་ལྡན་པ་ཡི།། བྱང་ཆུབ་སེམས་དཔའ་རྣམས་དང་ཡང་།། ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ།། ངན་འགྲོ་ཐམས་ཅད་ཟློག་བགྱིད་ཅིང




iiif viewer powered by OpenSeadragon

369b - 370b

Texts on this page

S321 - 'phags pa bzang po spyod pa'i smon lam gyi rgyal po
S322 - 'phags pa byams pa'i smon lam