e-texts navigator
Collection
Volume
Page
Wylie

331b1 བལྟས་ཏེ་སོང་བ་ལས། ཡུལ་པ་ཤན་གྱི་རོང་དུ་གཅན་པ་དང་ཕྲད་དེ་མ་བཀྱེའོ།། ལམ་གཞན་ཡོད་ན་སོང་ཞིག་ཅེས་ཟེར་ཏེ། དེའི་ཚེ་བཻ་ཤར་མ་ན་གཡག་དཀར་པོ་སྐལ་ཅན་སྣལ་བཅུ་ཡོད་པ
331b2 ཞིག་ཏུ་སྤྲུལ་པ་དགེ་འདུན་གྱིས་མཐོང་སྟེ། གཡག་སྐལ་ཅན་འདི་ནི་མིའི་ཕྱུགས་ཡིན་པས། འདི་གར་འགྲོ་བའི་ཕྱི་བཞིན་དུ་འདོང་ངོ་ཞེས་ཟེར་རོ།། དེའི་ཚེ་གཡག་དེས་ཉེ་ལམ་དུ་དྲངས་ཏེ།
331b3 ཞག་བཞི་ལྔས་བནྡེ་རིལ་གྱིས་གདོང་ངདམར་གྱི་ཡུལ་ཚལ་བྱི་ཞེས་བྱ་བར་བྱིན་ཏོ།། དེའི་ཚེ་ཡུལ་དེའི་དབང་པོས་དགེ་འདུན་མང་པོ་ཞིག་སྟོང་ཕྱོགས་ནས་བྱོན་ཏོ་ཞེས། གདོང་དམར་གྱི་རྒྱལ་པོ་ལ་སྦྲན་ཏོ།།
331b4 དེའི་ཚེ་རྒྱལ་པོའི་བཙུན་མོས་སྟོང་ཕྱོགས་ནས་དགེ་འདུན་ཡུལ་སྟོར་ཏེ་འཁྱམས་ནས་བྱོན་པ་བསུམ་དང་ཡོ་བྱད་བདག་སྦྱོར་ན། གདོང་དམར་གྱི་ཡུལ་དུ་སྤྱན་དྲང་བར་ཅི་གནང་ཞེས་གསོལ་ནས་གནང
331b5 སྟེ། དགེ་འདུན་རྣམས་བཞོན་པ་དང་འཚེ་བས་བསུས་ནས་གདོང་དམར་གྱི་ཡུལ་དུ་ཕྱིན་ཏོ།། དེ་ནས་གདོང་དམར་གྱི་རྒྱལ་པོ་དང་། ཀོང་ཅོ་འཁོར་དང་བཅས་པས་མཆོད་རྟེན་ཕྱགས་ནས་དགེ
331b6 སློང་འདིའི་ནང་ན་སྡེ་སྣོད་གསུམ་ལ་མཁས་པའི་མཁན་པོ་རྣམས་ལ་མ་གཏོགས་པར། གཞན་འདི་ལྟར་མཁས་པ་བཞུགས་སམ་དྲིས་པ་དང་། མཁན་པོ་ན་རེ་ཨ་ན་སེ་དང་། ཤུ་ལིག་དང
331b7 བྲུ་ཤ་དང་། ཁ་ཆེ་ཞེས་བྱ་བའི་ཡུལ་ན། འདི་འདྲ་བར་མཁས་པའི་དགེ་འདུན་མང་དུ་ཡོད་དོ་ཞེས་སྨྲས་པ་དང་། དེའི་མོད་ལ་འགུགས་པའི་ཕོ་ཉ་བཏང་སྟེ། དགེ་འདུན་རིལ་གྱིས་གདོང་ངམར




iiif viewer powered by OpenSeadragon

331a - 332a

Texts on this page

S318 - li'i yul lung bstan pa