| | e-texts navigator
|
331a1 བྱ་བའི་ལྷ་ཁང་དུ་འདུནས་གྲོས་བྱེད་པའི་ཚེ། ལྷ་ཁང་གི་ནང་འཁོར་འདུས་པའི་དཀྱིལ་ནས་གསེར་གྱི་ཟན་དང་། གསེར་གྱི་འཁུར་བ་ཆ་བདུན་བྱུང་ནས། དགེ་སློང་ལྔ་སྟོང
331a2 རྒྱལ་པོས་འཚོ་བ་བཅད་དེ། མི་འབྱོར་པའི་ཟླ་བ་གསུམ་དུ་འཚོ་བའི་བོང་དུ་འགྱུར་རོ།། དེའི་ཚེ་དེའི་དུས་ན་ལ་ལ་ནི་སྐྱེ་བོར་བབས། མ་བབས་པ་གུད་དུ་འགྲོ་བ་རྣམས་ཀྱང་ཕ་མ་དང་། གཉེན
331a3 འདུན་དང་། ཡུལ་ས་དང་འབྲལ་བ་མི་དགའ་སྟེ། དུད་མོ་ཆེན་པོ་འབྱུང་ངོ་།། དགེ་འདུན་ཕལ་མང་པོ་ལམ་དུ་ཞུགས་ཏེ་སོང་བ་ལས། འབོང་ཞེས་བྱ་བའི་ལྷ་ཁང་དུ་ཕྱིན་པ་དང་། དེ་ན་མཆོད
331a4 རྟེན་ཆེན་པོ་ཞིག་བཞུགས་པ་ཀླུའི་རྒྱལ་པོ་དད་པ་ཅན་གྱིས་དྲལ་ཏེ། ནང་ནས་གསེར་གྱི་ཕོར་བ་མུ་ཏིག་གིས་གང་བ་ཞིག་བྱུང་ནས། དགེ་འདུན་སྤྱིལ་ཕུལ་ལོ།། གཞན་ཡོན་བདག་དད་པ་ཅན་གྱིས
331a5 འཚོ་བའི་ཡོ་བྱད་སྣ་སྣས་ཕུལ་ལོ། ། དེ་ནས་དགེ་འདུན་རྣམས་མདོ་ལོ་མེས་སྐར་གྱི་ཡུལ་དུ་ཕྱིན་ཏོ།། མུ་ཏིག་གིས་ཟླ་བ་ཕྱེད་ཀྱི་འཚོ་བའི་བར་ཡོ་བྱད་སྦྱར་ཏོ།། མེས་སྐར་ནས་སོང་སྟེ། རྐོང་ཋ་ཞེས
331a6 བྱ་བའི་ལྷ་ཁང་ན་དགེ་འདུན་བཞུགས་པའི་ཚེ། བེ་ཤར་མ་ན་དང་། དཔལ་གྱི་ལྷ་མོ་མི་ཁྱོ་ཤུག་ཏུ་སྤྲུལ་ནས་ཡུལ་དེ་ན་འདུག་སྟེ། དགེ་འདུན་ཐམས་ཅད་ལ་བདག་ཅག་བསོད་ནམས་དགྱིད་དོ་ཞེས
331a7 སོལ་ནས། ཟླ་བ་ཕྱེད་ཀྱི་བར་དུ་དགེ་འདུན་མཆོད་སྟོན་གསོལ་ནས། དཔལ་གྱི་ལྷ་མོས་ཕུ་རུང་གང་གི་གསེར་གྱི་དོང་ཙེ་དགེ་འདུན་སྤྱིར་ཕུལ་ཏེ། དགེ་འདུན་རིལ་གྱིས་གདོང་དམར་གྱི་ཡུལ་དུ་ལ
iiif viewer powered by OpenSeadragon
330b - 331b