| | e-texts navigator
|
330b1 རྒྱལ་པོ་འདི་རབས་བདུན་དུ་ཡུལ་ཁམས་གཞན་ན་དཀོན་མཆོག་གསུམ་གྱི་མཆོད་རྟེན་བཞུགས་པ་ངན་སེམས་དང་གནོད་པ་མི་བྱེད་དོ།། དེའི་ཚེ་ས་ན་ལི་ཡུལ་གྱི་དགེ་འདུན་ཡང་ཙནྡྲ་གརྦའི་ལུང་བསྟན་པ
330b2 ལས་འབྱུང་བ་བཞིན་དུ་དད་པ་བྲི། ཆོས་ཁྲིམས་དང་མི་ལྡན། འཇིག་རྟེན་གྱི་ཁེ་དང་གྲགས་པ་ཚོལ། རྒྱལ་པོ་དང་བློན་པོའི་དཀུ་གསང་གི་ནང་དུ་འཇུག་ཅིང་། དམ་པའི་ཆོས་དམན་པར་བྱེད་པ
330b3 དག་ཀྱང་མང་དུ་འབྱུང་སྟེ། དེའི་ཚེ་ཞང་ཁོ་ན་དང་། ཞང་ལོན་གྱི་བུ་ཚའང་དད་པ་འབྲི་བར་འགྱུར་རོ།། དཀོན་མཆོག་གསུམ་གྱི་མངའ་རིས་ཀྱང་བནྡེས་སྤྱད་པས། ལི་ཡུལ་གྱི་མཆོད་རྟེན་དང་། དམ
330b4 པའི་ཆོས་ལ་སོགས་པ་དཀོན་མཆོག་གི་མངའ་རིས་ཀྱང་སྔོན་པས་འབྲིར་འོང་ངོ་། ། རྒྱལ་པོ་དང་བློན་པོའང་བནྡེ་ལ་མི་དགའ་འོ།། དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་གཅིག་གདོང་དམར་གྱི་རྒྱལ་པོ་བྱས
330b5 པའི་རྒྱུད་རབས་བདུན་གྱི་ཐ་མ། རྒྱལ་པོ་དེའི་ཆུང་མ། རྒྱ་ཡུལ་ནས་རྒྱ་རྗེའི་བུ་མོ་ཀོང་ཙེ། བྱང་ཆུབ་སེམས་དཔའ་ཡིན་པ་ཞིག་འཁོར་དྲུག་བརྒྱ་དང་། གདོང་དམར་གྱི་ཡུལ་དུ་འོངས་སོ།། ཀོང་ཙེ
330b6 དེ་འཕགས་པར་ཆོས་ལ་དང་། དབང་ཟང་ཆེ་བས་གདོང་དམར་གྱི་རྒྱལ་པོའང་དད་པ་ཆེ་སྟེ། སྔོན་པས་ཀྱང་དམ་པའི་ཆོས་རྒྱས་པར་འགྱུར་རོ།། དེའི་དུས་ནི་ལི་ཡུལ་གྱི་རྒྱལ་པོ་ལས་ཞན་ཞིང
330b7 ཆོས་མི་སྤྱོད་པ་ཞིག་གིས། ལྀ་ཡུལ་གྱི་དགེ་འདུན་རྣམས་ལ་བསྒོ་བ། ཡང་ན་ནི་སྐྱེ་བོར་བོབས་ཤིག། ཡང་ན་ནི་གར་འགྲོ་བར་དེངས་ཤིག་ཅེས་བསྐྲད་ནས། དགེ་འདུན་རིལ་གྱིས་ཙར་མ་ཞེས
iiif viewer powered by OpenSeadragon
330a - 331a