e-texts navigator
Collection
Volume
Page
Wylie

330a1 དོ་ཤན་གྱི་གཙུག་ལག་ཁང་ནི། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་ལྔས་ཞབས་ཀྱིས་བཅགས་ཤིང་རྒྱུན་མི་འཆད་པར་གནས་པའི་ཕོ་བྲང་དུ་འགྱུར་རོ།། འཕགས་པ་འདི
330a2 རྣམས་ཀྱི་ཆེ་བ་དང་། ཐུགས་རྗེ་དང་། བྱིན་གྱི་རླབས་ཀྱིས་ལི་ཡུལ་གྱི་མཆོད་རྟེན་དང་། དམ་པའི་ཆོས་སྤྱོད་པའང་ཡུལ་གཞན་པས་རྒྱས་ཤིང་ཡུན་རིང་དུ་གནས་སོ།། རྒྱལ་པོ་ཕལ་པོ་ཆེ་ལི་ཡུལ
330a3 འདོད་པའི་ཕྱིར་རྩོད་ཅིང་འཐབས་ཏེ། གང་གིས་ཐོབ་པའི་རྒྱལ་པོ་དེའང་ཡི་ཡུལ་གྱི་ཡོན་བདག་ཆེན་པོར་འགྱུར་ཏེ། མི་བཤིག་མི་འབྲི་བར་བྱེད་ཅིང་མཆོད་པར་འོང་ངོ་།། དེའི་དུས་ན་གདོང་དམར་གྱི་རྒྱལ
330a4 པོ་ཞེས་བྱ་བ་དབང་ཟང་དང་མཐུ་སྐྱེས་ནས། ཡུལ་ཁམས་གཞན་མང་དུ་ཕྲོགས་ནས་བཟུང་ངོ་།། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་གཅིག་གདོང་དམར་གྱི་རྒྱལ་པོའི་སྐྱེ་བ་བླངས་ཏེ། བོད་ཁམས་སུ
330a5 དམ་པའི་ཆོས་འབྱུང་ངོ་། ། ཡུལ་ཁམས་གཞན་ནས་ཀྱང་ཆོས་ཀྱི་མཁན་པོ་དང་། གསུང་རབ་མདོ་སྡེ་ལ་སོགས་པ་སྤྱན་དྲངས་སོ།། གདོང་དམར་གྱི་ཡུལ་དུ་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བརྩེགས།
330a6 དགེ་འདུན་སྡེ་གཉིས་བཙུགས་རྒྱལ་པོ་དང་བློན་པོ་ལ་སོགས་པ་དཀོར་རོལ་གྱིས་དམ་པའི་ཆོས་ལ་སྤྱོད། རྒྱལ་པོ་གདོང་དམར་དེའི་ཚེ། ལི་ཡུལ་ཡང་རྒྱལ་པོ་དེའི་རིས་སུ་དབང་བར་འགྱུར་རོ།།
330a7 དམ་པའི་ཚེས་དང་མཆོད་རྟེན་ལ་སོགས་པ་དཀོན་མཆོག་གསུམ་གྱི་མངའ་རིས་མི་བྲི། རྒྱས་པར་བཙུགས་ཤིང་མཆོད་དོ།། རྒྱལ་པོ་གདོང་དམར་གྱི་བརྒྱུད་རབས་བདུན་དུ་དམ་པའི་ཆོས་སྤོང་བར་འགྱུར་རོ།




iiif viewer powered by OpenSeadragon

329b - 330b

Texts on this page

S318 - li'i yul lung bstan pa