| | e-texts navigator
|
329a1 པར་འགྱུར་རོ། ། དེ་ཉིད་ཀྱི་ནུབ་མོ་ལྷ་རྟག་ཏུ་མྱོས་པའི་ནང་ནས་ལྷ་འདི་ནི་ཞེས་བྱ་བ་འཆི་འབོ་བར་འགྱུར་རོ།། དེ་ནས་འཛམ་བུའི་གླིང་འདིའི་བུ་རས་ཤིང་དང་། རྒུན་འབྲུམ་དང་། སྦྲང
329a2 རྩི་ཐམས་ཅད་ཀྱང་ནུབ་པར་འགྱུར་རོ། ། བདུད་དབང་སྒྱུར་ཞེས་བྱ་བའང་འཆི་བར་འགྱུར་ཏེ། དེ་ནས་ནས་དང་། གྲོ་དང་། འབྲས་ཐམས་ཅད་ནུབ་པར་འགྱུར་ཏེ། འཛམ་བུ་གླིང་གི་མི་རྣམས་ཀྱི་ཟས་སུ་སྲེ་དེ
329a3 དང་། ཁྲེ་རྒོད་དང་། རྩཝའི་འབྲས་བུ་སྣ་ཚོགས་ཟ་བར་འགྱུར་རོ།། དར་དང་། ཟ་འོག་དང་། མེན་དྲི་དང་། རས་བཟང་པོ་ལ་སོགས་པའང་ནུབ་ནས། གོས་སུ་གསོ་རས་དང་། རེ་ཕུར་ལ་སོགས་པ་གྱོན
329a4 པར་འགྱུར་རོ། ། གསེར་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་རྣམས་ཀྱང་ནུབ་ནས། རྒྱན་དུ་རྩ་ལས་བྱས་པ་ཐོགས་པར་འགྱུར་རོ།། ཚེན་བཟང་པོ་དང་། རོ་ཞིམ་པོ་རྣམས་ཀྱང་རབ་པར་འགྱུར་རོ།།
329a5 དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ཀྱང་ཀླུའི་གནས་སུ་ཁྱེར་བར་འགྱུར་རོ།། ལི་ཡུལ་གྱི་མཁན་པོ་རྣམས་འདུས་ནས། ལི་རྗེ་བཙན་ལེགས་ཀྱི་རིང་ལ་ཡོས་བུའི་ལོ་ལ་བརྩིས་ནས། དེ་ནས་ལོ་བརྒྱ
329a6 རྩ་གཉིས་ན་དམ་པའི་ཆོས་ནུབ་པར་འགྱུར་རོ། ། དགེ་འདུན་འཕེལ་གྱིས་ལུང་བསྟན་པ་རྫོགས་སོ།། །། ལི་ཡུལ་བྱུང་ནས་ལིའི་རྒྱལ་པོ་རབས་དྲུག་ནི་འདས། རབས་བདུན་ནི
329a7 རྒྱལ་པོ་བ་ཛ་ཡི་ཀརྟི་ཞེས་བྱ་བའི་ཚེ་ན། སད་ཀ་ཡ་པྲ་ཧ་ན་ཡིའི་གཙུག་ལག་ཁང་དང་ཉེ་བའི་ལུང་པ་ས་ཀ་ཡ་གྱི་ར་ཞེས་བྱ་བ་ན། སང་གྷ་བརྡྷ་ན་ཞེས་བྱ་བའི་དགྲ་བཅོམ་པ་ཞིག་བཞུགས་ཏེ། དེའི་སློབ་མ་བན
iiif viewer powered by OpenSeadragon
328b - 329b