e-texts navigator
Collection
Volume
Page
Wylie

328b1 དགེ་སློང་ཤིར་ཤ་ཀ་གསོད་པར་འགྱུར་རོ། ། དེའི་ཚེ་དགེ་སློང་དག་རིལ་གྱིས་ཁྲོས་ནས་ཕྱོགས་གཉིས་སུ་ཆད་དེ། གཅིག་གིས་གཅིག་གསོད་པར་འགྱུར་རོ།། དེའི་ཚེ་གནས་གཞན་སུམ་ཅུ་རྩ་གསུམ
328b2 གྱི་ལྷ་ཐམས་ཅད་དེར་ལྷགས་ཏེ། དགེ་སློང་ཤི་བའི་རོ་དེ་དག་མཐོང་ནས། ངུད་མོས་འདེབས་ཤིང་མཆོད་པ་བྱེད་པར་འགྱུར་རོ།། དགེ་སློང་དེ་དག་གོས་ཁ་དོག་བསྒྱུར་བ་དང་། སྒྲ་དང་སེན་མོ་འང
328b3 ལྷའི་གནས་སུ་ཁྱེར་བར་འགྱུར་རོ། ། དེའི་ཚེ་ཡུལ་དེར་རླུང་དམར་ནག་པོ་དང་སེར་པོ་འདྲེས་པར་ལྡང་ཞིང་། དུས་དུས་སུ་མེའི་ཆར་པ་འབབ་པ་དང་། ས་གཡོ་བ་དང་། འུར་སྒྲ་དང་། ཏུག་ཚེམ་དག
328b4 ཀྱང་འབྱུང་བར་འགྱུར་རོ། ། དེ་ནས་རྒྱལ་པོ་དེས་སྐྱ་རེངས་ཤར་བའི་ཚེ་འདི་སྐད་དུ། དགེ་སློང་ཐམས་ཅད་ཁ་བཏགས་པ་མཐོང་ནས། མྱ་ངན་གྱིས་གདུངས་པའི་རྒྱུས། མིག་རེས་འགའ་ནི་མཐོང
328b5 རེས་འགའ་ནི་མི་མཐོང་བར་གྱུར་པ་བཞིན་དུ། མོད་ལ་གཙུག་ལག་ཁང་དུ་བརྒྱུགས་ནས་ཆོ་ངེས་བཏབ་སྟེ། དགྲ་བཅོམ་པ་དང་དགེ་སློང་སྡེ་སྣོད་གསུམ་པའི་མིང་ནས་འབོད་ཅིང་། དེ་གཉིས་ཀྱི་རོ་ཕང་གིས
328b6 འཁྱུད་དེ་འདི་སྐད་དུ། ཀྱེ་སྡེ་སྣོད་གསུམ་པ་ཁྱོད་ནི་བདེ་བར་གཤེགས་པའི་དམ་པའི་ཆོས་ཀྱི་མཛོད་འཛིན་པ་ལགས། ཀྱེ་དགྲ་བཅོམ་པ་ཁྱོད་ནི་བདེ་བར་གཤེགས་པའི་བསླབ་པའི་གཞི་འཛིན་པ་ལགས་ན།
328b7 ད་ཁྱོད་གཉིས་ནོངས་པས་འཇིག་རྟེན་འདི་སྟོངས་པར་གྱུར་ཏོ་ཞེས་སྨྲ་བར་ཡང་འགྱུར་རོ།། དམ་པའི་ཆོས་ནུབ་པའི་ནུབ་མོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ལྷ་མ་སྲིན་གྱིས་འཕམ་པར་བྱས་ནས་འབྲོས




iiif viewer powered by OpenSeadragon

328a - 329a

Texts on this page

S317 - dgra bcom pa dge 'dun 'phel gyis lung bstan pa