e-texts navigator
Collection
Volume
Page
Wylie

326b1 ཏེ། མཚོ་བསྐམས་པའི་ནང་དུ་ཀླུའི་རྒྱལ་པོ་ཤི་བའི་རུས་པ་འདི་ལྟ་བུར་འདུག་པར་འགྱུར་རོ།། མ་འོངས་པའི་དུས་ན་སངས་རྒྱས་བྱམས་པ་འཁོར་ལྔ་བརྒྱ་དང་ཐབས་ཅིག་ཏུ་ཀླུའི་རྒྱལ་པོ་ཨེ་ལའི་འདབ
326b2 ཀྱི་རུས་པའི་དྲུང་དུ་གཤེགས་ཏེ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱི་སྐྱེས་པའི་རབས་བརྗོད་པས། བྱམས་པའི་འཁོར་དགེ་སློང་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ།།
326b3 དེ་ནས་དགེ་སློང་དེ་དག་ཡུལ་ག་ན་དྷ་རར་ཕྱིན་ནས། ལོ་གསུམ་པའི་ཚེ་ཡུལ་དེའི་རྒྱལ་པོ་དད་པ་ཅན་ཞིག་ཡོད་པ་འཆི་བར་འགྱུར་རོ།། རྒྱལ་པོ་དེ་ཤི་བའི་འོག་ཏུ་རྒྱལ་པོ་དེའི་བུ་དད་པ་ཅན་ཞིག་དང་། དད་པ
326b4 མེད་པ་ཞིག་རྒྱལ་སྲིད་ལ་རྩོད་ནས་དམག་གིས་གཡུལ་བཀྱེ་ནས། ཕྱོགས་གཉིས་སུ་འཆད་པར་འགྱུར་རོ།། དེའི་ཚེ་ན་དགེ་སློང་དེ་དག་གི་ནང་ནས་དགེ་སློང་དཔའ་བ། རྟུལ་ཕོད་པ། ཚམ་ཚོམ་མེད་པ
326b5 སྟོང་ཞིག་ཡོད་པས་རྒྱལ་བུ་དད་པ་མེད་པ་དེ་དམག་གིས་བསྟབ་སྟེ་ཕམ་པར་བྱས་ནས། རྒྱལ་བུ་དད་པ་ཅན་དེ་ལ་རྒྱལ་སྲིད་འབུལ་བར་འགྱུར་རོ།། རྒྱལ་བུ་དད་པ་ཅན་དེ་ཟླ་བ་ལྔ་རྒྱལ་པོ་བྱས་ནས་ཡང་དགེ
326b6 སློང་སྟོང་པོ་དེ་དག་བསད་ནས། དགེ་སློང་གཅིག་རྒྱལ་པོར་བཅུག་སྟེ། ལོ་གཉིས་ཀྱི་བར་དུ་རྒྱལ་པོ་བྱེད་པར་འགྱུར་རོ།། དེའི་ཡུལ་གན་དཱ་རའི་བློན་པོ་དང་། ཡུལ་མི་ཐམས་ཅད་འདུས་ཏེ་གསངས་ནས།
326b7 ཅིའི་ཕྱིར་ཉི་འོག་གི་མི་བདག་ཅག་གི་ཡུལ་སྟོངས་པར་འབྲོས། ངན་པ་འདི་བདག་ཅག་རྒྱལ་པོ་ཞེས་གྲོས་ནས་འཕྲལ་ད་མ་ག་དྲངས་ཏེ་རྒྱལ་པོ་ཞེས་གྲོས་བྱས་ནས་འཕྲལ་དམག་དྲངས་ཏེ་རྒྱལ་པོ་གཏུབ་པར




iiif viewer powered by OpenSeadragon

326a - 327a

Texts on this page

S317 - dgra bcom pa dge 'dun 'phel gyis lung bstan pa