e-texts navigator
Collection
Volume
Page
Wylie

323b1 ཅིག་ཏུ་མི་དགའ་བའི་ཡིད་ཀྱིས་ཕྱིར་བྱིན་གྱིས་བརླབས་པའི་ཡུལ་དང་། གཉེན་གྱི་རྗེས་བཞིན་དུ་ལྟ་བཞིན་དུ་མེ་སྐར་གྱི་ལམ་དུ་ཞུགས་ཏེ་འགྲོ་བར་འགྱུར་རོ།། དེ་ལྟར་སོང་བ་དང་། དེའི་ཚེ་རྣམ་ཐོས
323b2 ཀྱི་བུ་དང་། དཔལ་ལྷ་མོ་ཆེན་མོ་གཉིས་མཆོག་ཏུ་སྙིང་རྗེ་སྐྱེས་ཏེ། འབྲོག་མི་པོ་སྨོས་ཀྱི་ལུས་སུ་བསྒྱུར་ཏེ། དགེ་འདུན་རྣམས་སྤྱན་དྲངས་ཏེ། ཡུལ་མེ་སྐར་དུ་ཟླ་བ་གསུམ་གྱི་བར་དུ་གདུགས་ཚོད་གསོལ
323b3 ཏེ། ལམ་དུ་འཇུག་པའི་ཡོ་བྱད་ཅི་དགོས་པའང་རྫོང་པར་འགྱུར་རོ།། དེ་ནས་དགེ་སློང་དེ་དག་མདོ་ལོའི་ལམ་དུ་ཞུགས་པ་ནས། རི་དང་ལུང་པའི་སུ་ལ་གཏུགས་ཏེ་སོང་བ་དང་། འབྲོག་དགོན་པར་ལམ
323b4 སྟོར་ནས་ངུ་ཞིང་ཕྱོགས་བཅུའི་སངས་རྒྱས་ཀྱི་མཚན་དང་། ལི་ཡུལ་གྱི་ལྷ་ཐམས་ཅད་ཀྱི་མིང་ནས་འབོད་པར་འགྱུར་རོ།། དེའི་ཚེ་རྣམ་ཐོས་ཀྱི་བུ་སྙིང་རྗེ་སྐྱེས་ནས་གཡག་དཀར་པོ་སྐལ་པ་དང་སྣལ་ཆུ་ཅན
323b5 གཅིག་ཏུ་སྤྲུལ་ནས་དགེ་སློང་དེ་དག་གི་དྲུང་དུ་འོངས་པ་དང་། དགེ་སློང་རྣམས་ཀྱིས་དེ་མཐོང་ནས་གཡག་འདི་ནི་མེའི་ཁལ་གཡག་གཅིག་ཡིན་ཏེ། འདིའི་ཕྱི་བཞིན་སོང་ན་གདོན་མི་ཟ་བར་མི་རྣམས་དང་ཕྲད
323b6 པར་འགྱུར་བས། ད་ནི་མི་འཆིའོ་སྙམ་དུ་ཡིད་སོས་ཏེ། གཡག་དེས་ཀྱང་ལམ་དྲངས་ནས་གསེབ་ལམ་དུ་བྱུང་སྟེ། ཚལ་ཕྱིར་བསྐྱལ་ནས་གཡག་ཉིད་མི་སྣང་བར་གྱུར་ཏོ།། དེའི་ཚེ་དགེ་སློང་རྒན
323b7 རྒོན་མང་པོ་ཞིག་ནི་ལམ་ཀར་འཆི་བར་འགྱུར་རོ། ། དེ་ནས་ཡུལ་ཚལ་བྱིའི་བོད་རྣམས་ཀྱིས་དགེ་སློང་དེ་དག་མཐོང་ནས་བསུ་སྟེ། འཕྲང་དུ་ཡོ་བྱད་རྣམས་སྦྱར་ནས། བོད་ཡུལ་འདིར་ལི་ཡུལ་གྱི་དགེ




iiif viewer powered by OpenSeadragon

323a - 324a

Texts on this page

S317 - dgra bcom pa dge 'dun 'phel gyis lung bstan pa