e-texts navigator
Collection
Volume
Page
Wylie

323a1 ནས། འཕགས་པ་རྣམས་བཟོད་པར་བཤགས་ཤིག་ཅེས་སྨྲ་ཞིང་མཆིས་ཏེ་ཕྱག་འཚལ་བར་འགྱུར་རོ།། དེའི་ཚེ་མཆོད་པ་དེ་ནི་དཔེར་ན་ཀུ་ཤའི་གྲོང་ཁྱེར་གྱི་མི་རྣམས་བཅོམ་ལྡན་འདས
323a2 མྱ་ངན་ལས་འདའ་བར་ཤེས་ནས། མྱ་ངན་བྱེད་བཞིན་དུ་མཆོད་པ་དང་འདྲ་བར་ཡི་ཡུལ་དུ་དཀོན་མཆོག་གསུམ་མཆོད་པའི་ཐ་མ་ཡིན་ནོ།། དེའི་འོག་ཏུ་དགེ་སློང་རྣམས་གཙུག་ལག་ཁང་དེ་ནས་བོད་ཡུལ
323a3 ངོས་སུ་ཆས་པ་དང་། ལ་མ་ཀ་ན་མཆོད་རྟེན་རྙིང་པ་ཞིག་གི་དྲུང་དུ། དཔལ་ལྷ་མོ་ཆེན་མོས་དགེ་འདུན་གྱི་ཆེད་དུ་གསེར་གྱི་དོང་ཙེ་ཕུ་རུང་གང་བཞག་པ་རྙེད་ནས། དགེ་འདུན་གྱིས་དེ་བགོས་ཏེ། ལམ་གྱི
323a4 ཆ་རྫས་སྦྱོར་བར་འགྱུར་རོ། ། དེའི་ཚེ་ལི་ཡུལ་གྱི་མཁར་གཙུག་ལག་ཁང་ཀ་སར་ཞེས་བྱ་བ་ན། རྒྱལ་རིགས་ལས་སྐྱེས་པའི་ཡོན་བདག་གཅིག་འབྱུང་བར་འགྱུར་ཏེ། ཡོན་བདག་དེས་དགེ་འདུན་རྣམས
323a5 ཞག་བདུན་དུ་མཆོད་སྟོན་གསོལ་བར་འགྱུར་རོ། ། དེའི་ཚེ་མཆོད་སྟོན་གསོལ་བ་དེ་ནི་ལི་ཡུལ་དུ་དགེ་འདུན་མཆོད་སྟོན་གསོལ་པའི་ཐ་མ་ཡིན་ནོ།། དེ་ནས་དགེ་སློང་རྣམས་མེ་སྐར་གྱི་ལམ་དུ་ཞུགས་ཏེ་སོང
323a6 བ་དང་། དེའི་ཚེ་དགེ་སློང་ཕོ་མོ་གསར་བུ་ལས་ཕལ་ཆེར་རང་རང་གི་སློབ་དཔོན་དང་མཁན་པོ་ལ་ཆོས་གོས་ཕུལ་ཏེ། བཟོད་པར་གསོལ་ནས་སླར་ཡུལ་དུ་ལྡོག་པར་འགྱུར་རོ།། དགེ་སློང་པོ་མོ་གསར
323a7 བུ་ཁ་ཅིག་ནི་རབ་ཏུ་བྱུང་བའི་དངོས་པོ་མི་གཏོང་ཞིང་། ཕ་མ་ལ་སོགས་པའི་གཉེན་སྐྱེལ་དུ་འོངས་པ་རྣམས་ལ་མྱ་ངན་གྱི་ཚིག་སྨྲ་ཞིང་དུས་ནས། གཉེན་རྣམས་ཕྱིར་ཟློག་སྟེ། དགེ་འདུན་དང་ལྷན




iiif viewer powered by OpenSeadragon

322b - 323b

Texts on this page

S317 - dgra bcom pa dge 'dun 'phel gyis lung bstan pa