e-texts navigator
Collection
Volume
Page
Wylie

320a1 འཇིག། རྐྱེན་གང་གིས་འཇིག་པར་འགྱུར་བ་ལགས། དེ་ནས་མཁན་པོས་བཀའ་སྩལ་པ། བུ་ཁྱོད་ཀྱིས་ལི་ཡུལ་ལ་སོགས་པའི་སྐྱེ་བོ་མང་པོའི་དོན་དང་། བདེ་བར་ག
320a2 པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཐེ་ཙོམ་དྲིས་པ་ལེགས་ཀྱིས། ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ལི་ཡུལ་ལ་སོགས་པའི་བསྟན་པ་ཇི་སྲིད་དུ་གནས་པར་འགྱུར། ནམ་འཇིག
320a3 དང་། རྐྱེན་གང་གིས་འཇིག་པར་འགྱུར་བས་ངས་སོ་སོར་ལུང་བསྟན་པར་བྱའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སྟོང་ལྔ་བརྒྱ་ལོན་པ་དང་། ཡུལ
320a4 ཡུལ་དུ་དད་པ་མེད་པ་རྣམས་འབྱུང་ཞིང་། དམ་པའི་ཆོས་འཇིག་ཏུ་རྒོལ་ལོ།། དེའི་ཚེ་ལི་ཡུལ་འདིར་དད་པ་མེད་པའི་རྒྱལ་པོའང་འབྱུང་བར་འགྱུར་ཞིང་། ཡུལ་ཡང་རྒྱལ་པོས་ཕན་ཚུན་རྟོད་ཅིང་འཕྲོག་པར
320a5 འགྱུར་རོ། ། དེ་ཕྱིན་ཆད་ནི་ཡུལ་ཡང་ཉིན་གཅིག་བཞིན་དུ་ཉམས་པར་འགྱུར། གྲོང་དང་གཙུག་ལག་ཁང་ལ་སོགས་པའང་ཕལ་ཆེར་སྟོངས་པར་འགྱུར། མི་རྣམས་ཀྱང་ཉིན་གཅིག་བཞིན་དུ་ཕྱིར་ཡང་དཀོན
320a6 མཆོག་གསུམ་ལ་དད་པ་བྲི་བར་འགྱུར་རོ། ། རྒྱུ་དེས་ན་དཀོན་མཆོག་གསུམ་དང་། ཆོས་སྨྲ་བ་དང་། བསམ་གཏན་པ་ཀུན་ཀྱང་མཆོད་གནས་སུ་མི་བྱེད་ཅིང་། མུ་སྟེགས་ཀྱི་རྒྱལ་པོ་དང་། བློན་པོ་དང་།
320a7 ཡུལ་འཛིན་པ་དང་། ཁྱིམ་བདག་རྣམས་ཀྱང་ཆོས་དང་མི་མཐུན་པའི་ཕྱོགས་འཛིན་ཅིང་དགེ་བ་བཅུའི་ལས་ཀྱི་ལམ་ཡལ་བར་འདོར་བར་འགྱུར་རོ།། ཆོས་དང་འཐུན་པ་མ་ཡིན་པ་དང་། མ་བརྟགས་པ་དང




iiif viewer powered by OpenSeadragon

319b - 320b

Texts on this page

S317 - dgra bcom pa dge 'dun 'phel gyis lung bstan pa